ENzhbo
DONATION
གདན་རབས་རིམ་བྱོན།

བདག་ཆེན་སངས་རྒྱས་བསྟན་འཛིན།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ལུག ཕྱི་་ལོ་ ༡༦༦༧ ལོར་གཞད་ཆོས་སུ་ཡབ་ཞབས་དྲུང་སྲི་ཐར་དང། ཡུམ་པདྨ་ལྷ་ལེགས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན། འཇིག་རྟེན་གྱི་སྤྱོད་པ་མི་མངའ། ཁུ་བོ་བདག་ཆེན་ཡེ་ཤེས་ བཟང་པོས་མཁན་པོ་དང།

བདག་ཆེན་སངས་རྒྱས་བསྟན་འཛིན།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་ལུག ཕྱི་་ལོ་ ༡༦༦༧ ལོར་གཞད་ཆོས་སུ་ཡབ་ཞབས་དྲུང་སྲི་ཐར་དང། ཡུམ་པདྨ་ལྷ་ལེགས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན། འཇིག་རྟེན་གྱི་སྤྱོད་པ་མི་མངའ། ཁུ་བོ་བདག་ཆེན་ཡེ་ཤེས་ བཟང་པོས་མཁན་པོ་དང། འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་ལས་སློབ། མུས་པ་ཆོས་རྗེ་ཀུན་དགའ་རྒྱ་མཚོས་གསང་སྟོན་ མཛད་དེ་དགེ་འདུན་གྲངས་ཚང་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་སོགས་མཁས་ གྲུབ་དུ་མ་ལས་གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཐར་ཕྱིན། དགུང་ལོ་ཉེར་གསུམ་ པ་ས་མོ་སྦྲུལ་གྱི་ལོར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། གཞུང་ས་ཆེན་པོ་དང། གདན་ས་གོང་འོག། བཀྲིས་ལྷུན་པོ་སོགས་སུ་འཁོར་འདུས་པ་རྒྱ་མཚོ་ལ་གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་འཁོར་ལོ་བར་ མེད་དུ་བསྐོར། མདོར་ན་དམ་པ་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད། མཐར་དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་གཉིས་པའི་ཆུ་བྱ། ཕྱི་ལོ་ ༡༦༩༣ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།