ENzhbo
DONATION

སློབ་གྲྭའི་སློབ་ཚན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་དགོན་སྡེ་ཐོག་མར་བཙུགས་ཤིང་རིམ་གྱིས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དགོན་སྡེ་མང་པོ་བྱུང་སྟེ་ནང་ དོན་རིག་པ་གཙོ་བོར་གྱུར་པའི་རིག་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གནང་བའི་སྲོལ་ དར་བ་ནས་བཟུང་བོད་ཀྱི་དགོན་སྡེ་ནི་བོད་ཀྱི་རིག་གནས་སློབ་གཉེར་གནང་སའི་ཚོགས་སྡེ་ཞིག་ཏུ་གྱུར། དེའི་སློབ་གཉེར་ལམ་ལུགས་ ཀྱང་གོ་རིམ་ལྡན་ལ། ཞིབ་ཚགས་ཆེ་བ། བློ་རིམ་དང་བ#ན་པའི་བསླབ་གཞི་གཏན་འབེབས་གནང་སྲོལ་བྱུང་བ་བཞིན།

འཛིན་རིམ་དང་པོ།
དཔལ་ངོར་ ཨེ་ཝཾ་ཆོས་ལྡན་འདིར་ཡང་ཐོག་མར་སློབ་བུ་གང་ཞིག་ནས་ཐོག་མར་གཞི་རིམ་དང་པོ་དང་གཉིས་པར་སྔོན་འགྲོའི་སྐད་ཡིག་སྦྱངས་ ཟིན་བན་གཞི་རིམ་འཛིན་གྲྭ་དང་པོར་ཞུགས་ཆོག་ཅིང་། འཛིན་རིམ་དང་པོར་བསླབ་གཞི་གཙོ་བོ་ནི་ཞལ་འདོན་བློ་འཛིན་དགོས་པ་ དཀོན་མཆོག་རྗེས་དྲན། ལྟུང་བཤགས། ཐབས་མཁས་མ། སྒྲོལ་ཆོག་བསྡུས་པ་ཆ་ཚང་། ཚེ་གཟུངས། བོད་ཀྱི་སྐད་ཡིག་དང་། དབྱིན་ཡིག་བཅས་དང་།
འཛིན་རིམ་གཉིས་པ།
འཛིན་རིམ་གཉིས་པར་གནས་ཆོག་བསྡུས་པ། ཆོས་སྤྱོད་ནང་མ་ཆ་ཚང་། འགྲོ་ལ་བདེ་སྐྱིད། སྨོན་ལམ་རྣམ་ལྔ། དགེ་ཚུལ་ཐོབ་པ་རྣམས་ནས་གསོ་སྦྱོང་གི་ཞལ་འདོན་ཆ་ཚང་། བོད་ཀྱི་སྐད་ཡིག་དང་། དབྱིན་ཡིག་བཅས།
འཛིན་རིམ་གསུམ་པ།
འཛིན་རིམ་གསུམ་པར་ འབྱུང་འདུལ་ཁ་ཏོན་དང་། དབྱངས་མེད་ངོར་གཞུང་བསྐང་གསོ་ཆ་ཚང་དང་། ཞོར་དུ་དུང་རྒྱ་སོགས་སྦྱོང་དགོས། བོད་ཀྱི་སྐད་ཡིག་ རིག་གནས། དབྱིན་ཡིག
འཛིན་རིམ་བཞི་པ།
འཛིན་རིམ་བཞི་པར་བསྐང་གསོའི་དབྱངས་རོལ་ཆ་ཚང་། རྣམ་དག་མ། ཀུན་ཁྱབ་མ། འགྲོ་བའི་བླ་མ། མཚན་བརྗོད། ཤེར་སྙིང་། རྣམ་རྒྱལ་མའི་གཟུངས་བསྟོད་པ་དང་། འབྱུང་འདུལ་བསྙེན་མཚམས། བོད་ཀྱི་སྐད་ཡིག་རིག་གནས། དབྱིན་ཡིག
འཛིན་རིམ་ལྔ་པ།
འཛིན་རིམ་ལྔ་པར་བསྟོད་གསར་དབྱངས་དང་། ཀུན་རིག་བདག་འཇུག་མགོ་བར་དང་། འདི་ནས་བཟུང་ཐིག་རྡུལ་མཚོན་ ལའང་སྦྱོང་བརྡར་གནང་དགོས། བོད་ཀྱི་སྐད་ཡིག་རིག་གནས། དབྱིན་ཡིག 
འཛིན་རིམ་དྲུག་པ།
འཛིན་རིམ་དྲུག་པར་ཀུན་རིག་བདག་འཇུག་ལྷོ་སྒོ་སོགས་ ཆ་ཚང་། ཕྱག་རྒྱ་དང་། ཀུན་རིག་བསྙེན་ཆེན་དང་། དེ་མིན་རྒྱུད་སྡེ་བདུན་དང་། ཚེ་ཆོགམི་འཁྲུགས་པ།རྣམ་རྒྱལ་མ་སོགས་གཞན་ཡང་ཉེར་མཁོ་འདོན་ཆོག་སོགས་ཡིག་ཐོག་ནས་གདངས་དབྱངས་སོགས་ལ་སྐབས་བབས་གང་དགོས་ལ་སྦྱོང་བརྡར་གནང་དགོས། བོད་ཀྱི་སྐད་ཡིག་དང་། རྒྱལ་རབས། ཆོས་འབྱུང་། རིགས་ལམ། དབྱིན་ཡིག
འཛིན་རིམ་བདུན་པ།
འཛིན་རིམ་བདུན་པར་བླ་མཆོད་བློ་འཛིན་ཁར་ཆོས་སྤྱོད་ཕྱི་མ་དང་། འཇིག་བྱེད་དྲུག་ཅུ་བཅས་དཔེ་ཐོག་ནས་གདངས་དབྱངས་ཆ་ཚང་སྦྱང་དགོས། 
འཛིན་རིམ་བརྒྱད་པ།
འཛིན་རིམ་བརྒྱད་པར་ཀྱེ་རྡོར་དབང་ཆུ་བསྟོད་པ་དང་བཀྲ་ཤིས་ཁ་ཏོན་བཅས་རྒྱུགས་སྤྲོད་བྱུང་བ་རྣམས་ལ་གཞི་རིམ་གྱི་ལག་ཁྱེར་སྩལ་ཐོབ་རྗེས་བཤད་གྲྭ་ཁག་ཏུ་གཞུང་ ཆེན་སློབ་གཉེར་འགྲོ་བློ་ཡོད་རིགས་འགྲོ་འཐུས་ཆོག
འཛིན་རིམ་དགུ་པ།
འཛིན་རིམ་དགུ་པར་འཇིགས་བྱེད་དྲུག་ཅུ་བློ་འཛིན་ཐོག་སྣང་གསུམ་དང་། ཀྱེ་ རྡོར་རྣམ་བཤད་གང་རུང་སློབ་སྦྱོང་ཟིན་བ#ན་ཀྱེ་རྡོར་བསྙེན་མཚམས་ཟླ་བ་བརྒྱད་རེར་བཞུགས་དགོས། 
འཛིན་རིམ་བཅུ་པ།
འཛིན་རིམ་བཅུ་པར་ཆགས་མེད་རྣམབཞིའི་ཞལ་འདོན་གནང་ཐོག་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་དང་། རྡོ་རྗེ་སློབ་དཔོན་མཛད་ཁུར་བཞེས་ཐུབ་མཁན་རྣམས་ནས་འཇིགས་བྱེད་སོགས་ཡི་དམ་གྱི་བསྙེན་མཚམས་བཞུགས་ཏེ་སྐུ་ཚེ་གཞན་ཕན་དོན་ཡོད་མཐར་ཕྱིན་པར་གཞོལ་བ་ མཛད་དགོས།

ཐོབ་མེད་མཚམས་བཀོད།

འཛིན་རིམ་སོ་སོའི་ལོ་རེའི་རྒྱུགས་མ་འཕྲོད་ཚེ་ལོ་གཉིས་རིང་རང་འཇགས་སློབ་སྦྱོང་བྱེད་དགོས་ཀྱང་། ལོ་གསུམ་ རྒྱུགས་སྤྲོད་མ་ཐུབ་ན། སྐབས་མཚམས་གང་འོས་དགོན་པའི་ལས་སྤྲོད་ཇི་སྩལ་ཀ་ཀོར་མེད་པ་ཁུར་བླངས་ཞབས་ཞུ་$ར་བརྩོན་ དགོས། མཚན་གནས་འབུལ་སྲོལ་ནི། གོང་གསལ་ལྟར་འཛིན་རིམ་བརྒྱད་པ་ཐོན་སྐབས་གཞི་རིམ་གྱི་ཕྱག་ཁྱེར་གནང་རྒྱུ་དང་། འཛིན་ རིམ་ཡོངས་རྫོགས་ཐོན་ཞིང་ཡིད་དམ་ཁག་གི་བསྙེན་མཚམས་གྲུབ་པར་རྡོར་སློབ་ཀྱི་མཛད་འགན་བཞེས་ཐུབ་པའི་སྐུ་ཡོན་དང་མཁྱེན་ དཔྱོད་མངའ་བར་རྡོ་རྗེ་སློབ་དཔོན་གྱི་མཚན་གནས་ཕྱག་ཁྱེར་འབུལ་བའི་ཕྱག་སྲོལ་ཡོད།