



ཟབ་སྦྱོང་།
དགོན་སྡེ་ནི། གནའ་བོའི་བོད་ཀྱི་ཚད་མཐོའི་རིག་གནས་མ་ལག་འཛིན་སྐྱོང་དང་། དར་སྤེལ་བྱ་སའི་ལྟེ་གནས་ཡིན་ཞིང་། དེས་མི་ རབས་གསར་པ་ཚོའི་བསམ་བློའི་གོ་རྟོགས་དང་། རིག་གཞུང་གི་འདུ་ཤེས་ལ་སྣེ་ཁྲིད་བྱ་དགོས་པས། ང་ཚོས་དུས་དང་དུས་སུ་ནང་ ཆོས་ཀྱི་སྔོན་འགྲོའི་བསམ་བློ་གཏོང་ཕྱོགས་དང་། འཚོ་བའི་ཁྲོད་ལག་ལེན་དང་བློ་སྦྱོང་བྱ་ཚུལ། དེའི་རྨང་གཞིར་གྱུར་པའི་བོད་ཀྱི་སྐད་ ཡིག་རིག་གནས་དར་སྤེལ་དང་འབྲེལ་བའི་ཐད་ཚད་ལྡན་གྱི་དགེ་རྒན་གདན་ཞུ་བྱས་ཏེ་ཟབ་སྦྱོང་སྤྲོད་བཞིན་ཡོད།