ENzhbo
DONATION

རྒྱུད་འཛིན་གྲྭ།

རྒྱུད་ཀྱི་འཛིན་གྲྭ་དང་པོ།
རྒྱུད་ཀྱི་འཛིན་གྲྭ་དང་པོ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ཏེ། རྒྱུད་སྡེ་སྤྱི་རྣམ། མངོན་ རྟོགས་ལྗོན་ཤིང་། བླ་མ་ལྔ་བཅུ་པ། རྩ་ལྟུང་འཁྲུལ་སྤོང། ཀྱེ་རྡོར་ཡན་ལག་དྲུག་པའི་མཛེས་རྒྱན་བཅས་ཁྲིད་ནས་ལོ་སྟོད་ཀྱི་ཡིག་ ཚད་ལེན། དེ་ནས་སླར་ཡང་ལོ་མཇུག་གི་དཔེ་ཁྲིད་དབུ་བཙུགས་ཏེ། རྩ་རྒྱུད་བརྟག་གཉིས་དང་། མན་ངག་རྣམ་བཤད། ལུས་དཀྱིལ་རྣམ་བཤད་བཅས་ཁྲིད་དེ་ལོ་མཇུག་གི་ཡིག་ཚད་ལེན།
རྒྱུད་ཀྱི་འཛིན་རིམ་གཉིས་པ།
རྒྱུད་ཀྱི་འཛིན་རིམ་གཉིས་པ་ལ། བོད་ཟླ་ལྔ་པའི་ནང་ནས་ དཔེ་ཁྲིད་དབུ་བཙུགས་ཏེ། རྡོ་རྗེ་གུར། དབང་ཆུ་རྣམ་བཤད་བཅས་ཁྲིད་དེ་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་ལོ་མཇུག་གི་ དཔེ་ཁྲིད་དབུ་བཙུགས་ཏེ། སཾ་ཊ། བདག་མེད་བསྟོད་འགྲེལ་བཅས་ཁྲིད་དེ་ལོ་མཇུག་གི་ཡིག་ཚད་ལེན་པ་ཡིན།
འཛིན་རིམ་གསུམ་པ།
འཛིན་རིམ་གསུམ་པ་ལ། བདེ་མཆོག་"ང་ངུའི་རྒྱུད། འཇིགས་བྱེད་རྟོག་བདུན། བྱ་རྒྱུད་སྤྱི་རྣམ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ། སྤྱོད་རྒྱུད་སྤྱི་རྣམ་བཅས་ཁྲིད་དེ་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་ལོ་མཇུག་གི་དཔེ་ཁྲིད་དབུ་བཙུགས་ཏེ། ཕུར་པ་རྩ་དུམ། ཀུན་རིག་གི་ཆོ་ག་གཞན་ཕན་བདུད་རྩི། ངན་སོང་སྦྱོང་རྒྱུད། ཐིག་ཆོག་བརྒྱ་རྩ་བཅས་ཁྲིད་དེ་ལོ་མཇུག་གི་ཡིག་ཚད་་ལེན།
འཛིན་རིམ་བཞི་པ།
རྒྱུད་ཀྱི་འཛིན་རིམ་བཞི་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ཏེ། གསང་འདུས་རྩ་རྒྱུད། སྒྲུབ་ཐབས་ཀུན་ བཟང་ཉི་འོད། རིམ་ལྔའི་ཁྲིད་ཡིག་ཟུང་འཇུག་གསལ་སྒྲོན་བཅས་ཁྲིད་དེ་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་ལོ་མཇུག་་གི་དཔེ་ ཁྲིད་དབུ་བཙུགས་ཏེ། དུས་འཁོར་བསྡུས་རྒྱུད། འཇམ་དཔལ་མཚན་བརྗོད་བཅས་ཁྲིད་དེ་ལོ་མཇུག་གི་ཡིག་ཚད་ལེན་པ་ཡིན།
འཛིན་རིམ་ལྔ་པ།
འཛིན་རིམ་ལྔ་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ཏེ། ཀུན་གཞི་ངོས་འཛིན། རྒྱུད་གསུམ་མཛེས་རྒྱན། ཁྲིད་ཡིག་ཇོ་ལྕགས་མ། ཁྲིད་ཡིག་གཉགས་མ་བཅས་ཁྲིད་དེ་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་ལོ་མཇུག་གི་དཔེ་ཁྲིད་དབུ་ བཙུགས་ཏེ། ལམ་འབྲས་སྲས་དོན་མ་ཁྲིད་དེ་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་ལ་ལོ་མཇུག་གི་ཡིག་ཚད་ལེན་པ་ཡིན་ནོ།།

མདོ་འཛིན་གྲྭ།

འཛིན་གྲྭ་དང་པོ།
འཛིན་གྲྭ་དང་པོ་ལ། བོད་ཟླ་ལྔ་པའི་ནང་ནས་དབུ་བཙུགས་ནས་སྤྱོད་འཇུག་དང་། བཤེས་སྤྲིངས། རྒྱལ་སྲས་ ལག་ལེན་བཅས་ཁྲིད་ནས་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། དབུ་མ་བཞི་བརྒྱ་པ། ཀ་རི་ཀཱ་ལྔ་བཅུ་པ། ས་པཎ་ཆོས་འབྱུང་བཅས་ཁྲིད་ནས་ལོ་མཇུག་གི་ཡིག་ཚད་ལེན།
འཛིན་གྲྭ་གཉིས་པ།
འཛིན་རིམ་གཉིས་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ཏེ། དབུ་མ་འཇུག་པ་དང་། ལྟ་བའི་ཤན་འབྱེད་བཅས་ཁྲིད་ནས་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། རྩ་བ་ཤེས་རབ་དང་། རིགས་ཚོགས་ཕྱི་མ་བཞི་རྣམས་ཁྲིད་ནས་ལོ་མཇུག་གི་ཡིག་ ཚད་ལེན། 
འཛིན་གྲྭ་གསུམ་པ།
འཛིན་རིམ་གསུམ་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ཏེ། རིགས་གཏེར་རང་འགྲེལ་ ཁྲིད་ནས་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། རིགས་གཏེར་གསལ་བྱེད་དང་། སྡེ་བདུན་ རབ་གསལ་བཅས་ཁྲིད་ནས་ལོ་མཇུག་གི་ཡིག་ཚད་ལེན། 
འཛིན་རིམ་བཞི་པ།
འཛིན་རིམ་བཞི་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་ བཙུགས་ཏེ། ཚད་མ་རྣམ་འགྲེལ་ལེའུ་དང་པོ་གཉིས་དང་། མདོ་སྡེ་རྒྱན་དང། དབུས་མཐའ་རྣམ་འབྱེད་བཅས་ཁྲིད་ནས་ལོ་ སྟོད་ཀྱི་ཡིག་ཚད་ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། རྣམ་འགྲེལ་ལེའུ་ཕྱི་མ་གཉིས་དང་། རྒྱུད་བླ་མ་དང་། ཆོས་ཉིད་རྣམ་འབྱེད་བཅས་ཁྲིད་ནས་ལོ་མཇུག་གི་ཡིག་ཚད་ལེན།
འཛིན་རིམ་ལྔ་པ།
འཛིན་རིམ་ལྔ་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་ དབུ་བཙུགས་ཏེ། མངོན་པ་མཛོད་སྟོད་ཀྱི་ཆ་དང་། མངོན་པ་ཀུན་བཏུས་ཕྱེད་ཡན་ཆད་ཁྲིད་ནས་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། མཛོད་གནས་ཕྱི་མ་རྣམས་དང་། མངོན་པ་ཀུན་བཏུས་སྨད་ཀྱི་ཆ་རྣམས་ཁྲིད་ནས་ ལོ་མཇུག་གི་ཡིག་ཚད་ལེན།
འཛིན་རིམ་དྲུག་པ།
འཛིན་རིམ་དྲུག་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ཏེ། འགྲེལ་བ་དོན་ གསལ་སྐབས་དང་པོ་གསུམ་དང་། སྦས་དོན་ཟབ་མོའི་སྐབས་དང་པོ་གསུམ་རྣམས་ཁྲིད་ནས་ལོ་སྟོད་ཀྱི་ཡིག་ཚད་ལེན། དེ་ནས་ སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། འགྲེལ་བ་དོན་གསལ་སྐབས་ཕྱི་མ་ལྔ་དང་། སྦས་དོན་རབ་གསལ། སྦས་དོན་ཟབ་མོའི་ སྐབས་ཕྱི་མ་ལྔ་རྣམས་ཁྲིད་ནས་ལོ་མཇུག་གི་ཡིག་ཚད་ལེན།
འཛིན་རིམ་བདུན་པ།
འཛིན་རིམ་བདུན་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་ བཙུགས་ཏེ། སོར་མདོ་ཧྲིལ་པོ་དང་། མདོ་རྩའི་སྟོད་ཀྱི་ཆ་དང་། མེ་ཏོག་ཕྲེང་བརྒྱུད་ཀྱི་སྟོད་ཆ་རྣམས་ཁྲིད་ནས་ལོ་སྟོད་ ཀྱི་ཡིག་ཚད་ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། མདོ་རྩའི་སྨད་ཀྱི་ཆ་དང་། མེ་ཏོག་ཕྲེང་བརྒྱུད་ཀྱི་སྨད་ཀྱི་ ཆ་རྣམས་ཁྲིད་ནས་ལོ་མཇུག་གི་ཡིག་ཚད་ལེན།
འཛིན་རིམ་བརྒྱད་པ།
འཛིན་རིམ་བརྒྱད་པ་ལ། བོད་ཟླ་ལྔ་པའི་ནང་ནས་དཔེ་ཁྲིད་དབུ་བཙུགས་ ཏེ། སྡོམ་གསུམ་རབ་དབྱེ་དང་། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་ཕྱེད་ཡན་ཆད་ཁྲིད་ནས་ལོ་སྟོད་ཀྱི་ཡིག་ཚད་ ལེན། དེ་ནས་སླར་ཡང་དཔེ་ཁྲིད་དབུ་བཙུགས་ཏེ། སྡོམ་གསུམ་ཁ་སྐོང་དང་། སྡོམ་གསུམ་འཇམ་དབྱངས་བླ་མའི་ དགོངས་རྒྱན་གྱི་སྨད་ཀྱི་ཆ་རྣམས་ཁྲིད་ནས་ལོ་མཇུག་གི་ཡིག་ཚད་ལེན་པ་ཡིན་ནོ། །

རིག་གནས་འཛིན་གྲྭའི་སློབ་ཚན།

དག་ཡིག་ངག་སྒྲོན། སི་ཏུ་ཞལ་ལུང་། ལེགས་བཤད་ལྗོན་དབང་།དཀའ་གནད་གསལ་བའི་མེ་ལོང་། སི་ཏུ་འགྲེལ་ཆེན། སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས། སྙན་ངག་མེ་ལོང་མ། ས་པཎ་མཁས་འཇུག་བཅས་ ཁྲིད།