
སྒྲུབ་གྲྭ།
འཕགས་ཡུལ་སྡེ་རྡུང་ཁུངས་སུ་གཏོགས་པའི་མཛེས་སྡུག་གི་ལྗོན་ཤིང་སྣ་ཚོགས་སྐོར་བའི་མ་སུ་རི་ཞེས་པའི་རིའི་ངོས་སུ་ཡོད་པའི་ཨེ་ ཝཾ་ངོར་དགོན་གྱི་སྒྲུབ་ཁང་ནི། ཕྱི་ལོ་༡༩༩༠ ཟླ་བ་ ༦ ཚེས་༡༥ ཉིན་ཨ་ཁྲོ་སྤྲུལ་སྐུའི་སྤོ་བོ་རྒྱ་གར་ཁམས་པ་སྟོབས་རྒྱས་རའམ་ཞེས་ པས། ༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་སྒྲུབ་ཁང་བཞེང་རྒྱུའི་སླད་ས་ཆ་ཕུལ། སྒྲུབ་ཁང་མ་བཞེང་སྔོན་དུ་ སྦྱིན་བདག་གི་ཁང་པའི་ནང་དུ་ལོ་ཤས་རིང་དགེ་འདུན་པ་རེ་མོས་བཞིན་བསྙེན་མཚམས་བཞུགས་སྲོལ་བྱུང་ཞིང་། དེ་ནས། ཉལ་ནས་ མ་ཡིན་ལངས་ནས་མིན། །དགོད་ཅིང་མ་ཡིན་འཆག་ཅིང་མིན། །ཟ་ཞིང་མ་ཡིན་སྟན་མི་སྤྲུགས། །ཕྱི་ཡི་རྒྱུད་ནི་སྐད་མི་བསྲེ། །ནང་གི་ རྒྱུད་ནི་སྒྲ་མི་བཅད། །གསང་བའི་རྒྱུད་ནི་ཏིང་ངེ་འཛིན། །འཕྲོ་འདུ་བཅད་པར་མི་བྱའོ། །ལག་ཕྲེང་མི་འགོམ་མདོ་འཛིན་རྫོགས། ། ཞེས་གསུངས་པ་ལྟར། ༸སྐྱབས་མཆོག་རྩ་བའི་བླ་མ་༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་ མཆོག་ཉིད་ཀྱི་བཀའ་དྲིན་འོག་ཨེ་ཝཾ་ངོར་དགོན་སྒྲུབ་ཁང་དབུ་བཙུགས་གནང་། དེ་ནས་བཟུང་སྒྲུབ་ཁང་དུ་ངོར་གྱི་མཁན་ཞབས་རྣམ་ པས་དབུས་མཁན་སྤྲུལ་དགེ་འདུན་པ་སྐུ་བགྲེས་གཞོན་དུ་མས་རང་ལུགས་ཐུན་མོང་མ་ཡིན་པའི་དཔལ་ཀྱེ་རྡོ་རྗེ་གཙོས། རྒྱུད་སྡེ་ བཞིའི་མཆོག་དང་ཐུན་མོང་བསྙེན་སྒྲུབ་གནང་མཁན་རྒྱུན་མ་ཆད་པ་བཞུགས་དང་བཞུགས་མུས་ལགས་སོ།། ཞེས་གངས་ཕྲུག་ཨེ་ཝཾ་ པས་བྲིས་པ་དགེའོ།།

