གདན་རབས་རིམ་བྱོན།

འཇམ་མགོན་དཀོན་མཆོག་གྲགས་པ།

ཁོང་ནི་བོད་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ། ཕྱི་ལོ་ ༡༧༡༦ ལོར་མདོ་སྨད་གྱི་ཡུལ་བཞག་བྲག་ལྷ་རྩེའི་བྱང་ངོས་སྟག་ར་ཕ་ཚོ་བཅུ་ གཉིས་ཀྱི་ཡ་གྱལ་རྒྱལ་བཟང་ཞེས་པར། ཡབ་གཟི་རྒན་ཨ་འབུམ་པདྨ་དང་། ཡུམ་ཨ་འཚོ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ ལོ་བཅུ་གསུམ་པར་བླ་ཆེན་གྲགས་པ་འོད་ཟེར་དང་མཇལ་ཏེ་མཚན་ཉི་མ་འོད་ཟེར་གསོལ།

འཇམ་མགོན་དཀོན་མཆོག་གྲགས་པ།

ཁོང་ནི་བོད་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ། ཕྱི་ལོ་ ༡༧༡༦ ལོར་མདོ་སྨད་གྱི་ཡུལ་བཞག་བྲག་ལྷ་རྩེའི་བྱང་ངོས་སྟག་ར་ཕ་ཚོ་བཅུ་ གཉིས་ཀྱི་ཡ་གྱལ་རྒྱལ་བཟང་ཞེས་པར། ཡབ་གཟི་རྒན་ཨ་འབུམ་པདྨ་དང་། ཡུམ་ཨ་འཚོ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ ལོ་བཅུ་གསུམ་པར་བླ་ཆེན་གྲགས་པ་འོད་ཟེར་དང་མཇལ་ཏེ་མཚན་ཉི་མ་འོད་ཟེར་གསོལ། དགུང་ལོ་བཅུ་བདུན་པར་ཨེ་ཝཾ་དུ་བྱོན། ལོ་དེར་མཁན་ཆེན་ནམ་མཁའ་བསམ་གྲུབ་ལས་རབ་ཏུ་བྱུང་། མཚན་དཀོན་མཆོག་གྲགས་པ་གསོལ། མཁན་པོ་དེ་ཉིད་དང། རྡོ་རྗེ་ འཆང་བསོད་ནམས་བཟང་པོ་གཉིས་ལས་གསུང་ངག་ལམ་འབྲས་ཡོངས་རྫོགས་རེ་སོགས་དབང་ལུང་དུ་མ་གསན། དགུང་ལོ་ཉི་ཤུ་ པར་མཁན་པོ་དེ་ཉིད་ལས་བསྙེན་པར་རྫོགས། ཀྱེ་རྡོར་དང། འཇིགས་བྱེད་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཛད། དགུང་ལོ་ཉེར་ ལྔ་པར་ཨེ་ཝཾ་ཆོས་ལྡན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། དགུང་ལོ་སོ་བདུན་པ་ལྕགས་ལུག་ལོར་རྡོ་རྗེ་འཆང་ཀུན་དགའ་བཟང་ པོའི་ཁྲི་ལ་མངའ་གསོལ། གསུང་ངག་ལམ་འབྲས་སོགས་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་གྲོལ་དུ་མ་སྩལ། རྒྱལ་དབང་ཐམས་ཅད་མཁྱེན་ པའི་བཀའ་ལྟར་གློ་འཛུམ་ལེགས་འདུམ་དུ་ཆིབས་བསྒྱུར་གནང་། གློ་འཛུམ་གཞུང་གི་ས་སྣའི་མི་སྡེས་མཚོན་ཚང་མར་དམག་འཁྲུག་ གཡོར་ལོང་སོགས་ཀྱི་ཉམས་ཉེས་ལས་བསྐྱབས། དམ་པ་འདི་ཉིད་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་དར་རྒྱས་མཛད་ དེ་གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད། (འདས་ལོ་མ་ངེས།)