གདན་རབས་རིམ་བྱོན།

འཇམ་མགོན་དཔལ་མཆོག་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅུ་པའི་ས་ཕག ཕྱི་ལོ་ ༡༥༩༩ ལོར་ཡབ་ཆོས་སྐྱོང་བཀྲིས་དང། ཡུམ་ཨ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ ཆུང་ངུའི་དུས་ནས་ངོར་དུ་ཕེབས། ཁུ་བོ་དཔལ་ལྡན་དོན་གྲུབ་ཀྱི་དྲུང་དུ་ལམ་འབྲས་སོགས་ཆོས་མང་པོ་གསན། རྩེ་གདོང་ཁྲི་ཆེན་ འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་མཁན་པོ་དང། ལས་སློབ་མཁས་གྲུབ་དཔལ་ལྡན་དོན་གྲུབ་སོགས་ལས་ཚིག་གསུམ་ རིམ་ནོད་ཀྱིས་བསྙེན་པར་རྫོགས།

འཇམ་མགོན་དཔལ་མཆོག་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅུ་པའི་ས་ཕག ཕྱི་ལོ་ ༡༥༩༩ ལོར་ཡབ་ཆོས་སྐྱོང་བཀྲིས་དང། ཡུམ་ཨ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ ཆུང་ངུའི་དུས་ནས་ངོར་དུ་ཕེབས། ཁུ་བོ་དཔལ་ལྡན་དོན་གྲུབ་ཀྱི་དྲུང་དུ་ལམ་འབྲས་སོགས་ཆོས་མང་པོ་གསན། རྩེ་གདོང་ཁྲི་ཆེན་ འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་མཁན་པོ་དང། ལས་སློབ་མཁས་གྲུབ་དཔལ་ལྡན་དོན་གྲུབ་སོགས་ལས་ཚིག་གསུམ་ རིམ་ནོད་ཀྱིས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། བྲང་ཏི་ནམ་མཁའ་སངས་རྒྱས། ཤར་ཆེན་ཤེས་རབ་འབྱུང་གནས་སོགས་ མཁས་གྲུབ་དུ་མ་ལས་གསུང་ངག་ལམ་འབྲས་སོགས་མདོ་སྔགས་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད། མདོ་ཁམས་སྡེ་དགེར་ བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེན་ཡུན་རིང་དུ་མཛད། དགུང་ལོ་རེ་དགུ་པ་མེ་ལུག་ལོར་ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་ཀྱི་ ཁྲིར་འཁོད། གསུང་ངག་ལམ་འབྲས་ཚར་བཞིས་མཚོན་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་འཆད་ཁྲིད་མཛད། སློབ་མ་ཡང་ཞྭ་ ལུ་མཁན་ཆེན་བསོད་ནམས་རྒྱ་མཚོ། ཐར་རྩེ་མཁན་ཆེན་འཇམ་དབྱངས་ནམ་མཁའ་དཔལ་བཟང། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། ཞྭ་ལུ་མཁན་ཆེན་ཤེས་རབ་རྒྱ་མཚོ། མཁན་ཆེན་ཀུན་དགའ་བསམ་འགྲུབ་སོགས་དུ་མ་བྱོན། ཕག་ལོར་ཉིད་ཀྱི་རྒྱལ་ཚབ་ཏུ་ཐར་རྩེ་རྗེ་ ནམ་མཁའ་དཔལ་བཟང་ཁྲི་འདོན་མཛད། རྗེ་རང་སྒྲུབ་ཁང་དུ་ཐུགས་དམ་རྩེ་གཅིག་ཏུ་གཞོལ། མཐར་དགུང་ལོ་དོན་ལྔ་པ་རབ་བྱུང་ བཅུ་གཅིག་པའི་ཆུ་གླང་། ཕྱི་ལོ་ ༡༦༧༣ ལོར་བདེ་བར་གཤེགས།