གདན་རབས་རིམ་བྱོན།

འཇམ་མགོན་བཀྲིས་ལྷུན་གྲུབ།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་བྱི། ཕྱི་ལོ་ ༡༦༧༢ ལོར་མདོ་མཁར་དུ་ཡབ་རབ་བརྟན་དང། ཡུམ་གཡུང་དྲུང་བུ་ཁྲིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་བརྒྱད་ཙམ་ན་ངོར་དུ་ཕེབས། མཁན་པོ་ལྷུན་གྲུབ་དཔལ་ལྡན་ལ་གཙུག་ཕུད་ཕུལ། མཚན་ བྱམས་པ་བཀྲིས་ལྷུན་གྲུབ་གསོལ།

འཇམ་མགོན་བཀྲིས་ལྷུན་གྲུབ།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་བྱི། ཕྱི་ལོ་ ༡༦༧༢ ལོར་མདོ་མཁར་དུ་ཡབ་རབ་བརྟན་དང། ཡུམ་གཡུང་དྲུང་བུ་ཁྲིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་བརྒྱད་ཙམ་ན་ངོར་དུ་ཕེབས། མཁན་པོ་ལྷུན་གྲུབ་དཔལ་ལྡན་ལ་གཙུག་ཕུད་ཕུལ། མཚན་ བྱམས་པ་བཀྲིས་ལྷུན་གྲུབ་གསོལ། དགུང་ལོ་བཅུ་དྲུག་པར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ལས་དགེ་ཚུལ་ཞུས། དགུང་ལོ་ཉེར་ གསུམ་པར་ཤར་ཆེན་ཡེ་ཤེས་བཟང་པོས་མཁན་པོ། ལས་སློབ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་སོགས་ལས་བསྙེན་པར་རྫོགས། མཁས་གྲུབ་བསྟན་འཛིན་ལྷུན་གྲུབ་དང། མི་ཉག་དགེ་རྒན་རིག་འཛིན། ཁྱབ་བདག་བསོད་ནམས་དཔལ་ལྡན། བྱམས་པ་བསོད་ ནམས་བཟང་པོ། ཤར་ཆེན་བློ་གྲོས་གྲགས་པ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་གསན་བསམ་མཛད། 

ཁྱད་པར་དུ་འཇམ་མགོན་ སངས་རྒྱས་ཕུན་ཚོགས་ལས་ལམ་འབྲས་སོགས་དབང་ལུང་མན་ངག་མང་དུ་གསན། གཞན་ཡང་དོན་གྲུབ་གླིང་དུ་གཙུག་ལག་ཁང་ དང། མགོན་ཁང་གསར་བཞེངས་གནང། ཐར་ལམ་དུ་མགོན་པོ་དཀར་ནག་གི་སྐུ་བརྙན་སོགས་རྟེན་མང་པོ་བཞེངས། དགུང་ལོ་ང་ གཅིག་པ་ཆུ་སྟག་ལོར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཁྲིར་མངའ་གསོལ། གསུང་ངག་ལམ་འབྲས་གཙོས་རྒྱུད་སྡེ་དུ་མའི་ དབང་ཁྲིད་མན་ངག་སོགས་དང། སོ་ཐར་སྡོམ་པ་གྲངས་མེད་སྩལ། སྦྲུལ་ལོར་འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ་གདན་སར་བཀོད། སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་གིས་སྤྱན་དྲངས་པ་བཞིན། སྤྲེལ་ལོར་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་དང་ཟུང་དུ་འབྲེལ་བའི་ཆོས་ཁྲིར་ ཕེབས། རྗེ་ཉིད་ཀྱིས་ས་སྐྱོང་ལ་བདག་ཅག་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་སློབ་མ་ཡིན་པས། གང་གི་འཕྲིན་ལས་ཀྱི་རྒྱུན་ སྐྱོང་དགོས་པའི་བཀའ་གནང་བ་བཞིན། ས་སྐྱོང་ཆེན་པོས་གཙུག་ལག་ཁང་གསར་བཞེངས། དགེ་འདུན་གྱི་སྡེ་སྤེལ། གསེར་དངུལ་ གྱིས་བྲིས་པའི་བཀའ་འགྱུར། བསྟན་འགྱུར་ཡོངས་རྫོགས་ཀྱི་གླེགས་བམ། ལྷག་པར་དུ་ས་སྐྱ་བཀའ་འབུམ་པོད་བཅོ་ལྔའི་པར་གསར་ བསྐྲུན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས། སློབ་མ་ཡང་བདག་ཆེན་ཞབས་དྲུང་རིན་ཆེན་མི་འགྱུར་རྒྱལ་མཚན། གླིང་ཁ་ བདེ་བ་ཅན་གྱི་མཁན་པོ། ཡར་ལུང་བཀྲིས་ཆོས་སྡིངས་དབོན་རིན་ཆེན། དགེ་སློང་སངས་རྒྱས་དཔལ་བཟང་། ས་སྐྱོང་བསྟན་པ་ཚེ་ རིང་ཡབ་སྲས་སོགས་སྐྱེས་ཆེན་དུ་མ་བྱོན། གསུང་རྩོམ་ཡང་བསྟོད་པ། བསྙེན་ཐབས་སོགས་གླེགས་བམ་གཉིས་རྗེས་འཇུག་གདུལ་ བྱའི་གསོས་སུ་བཞུགས། མཐར་དགུང་ལོ་དྲུག་ཅུ་རེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ས་ལུག་ཕྱི་ལོ་ ༡༧༣༩ ལོར་བདེ་བར་ གཤེགས།