འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ།
ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་འབྲུག ཕྱི་ལོ་ ༡༦༧༦ ལོར་དར་རྩེ་མདོར་སྐུ་འཁྲུངས། མཚན་ལྕགས་ཐར་ཞེས་གསོལ། རྡོ་ གྲགས་སྒར་དུ་ཕེབས་ནས་ཐོས་བསམ་གནང། དགུང་ལོ་བཅོ་བརྒྱད་པ་ཆུ་བྱ་ལོར་ཨེ་ཝྃ་དུ་ཕེབས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ གྱིས་མཚན་ཚུལ་ཁྲིམས་ལྷུན་གྲུབ་ཏུ་གསོལ། དགུང་ལོ་བཅུ་དགུ་པ་ཤིང་ཁྱི་ལོར་འཇམ་མགོན་སངས་རྒྱས་ཕུན་ཚོགས་ལས་བསྙེན་ པར་རྫོགས། གསུང་ངག་ལམ་འབྲས་སོགས་ཐེག་པ་ཆེ་ཆུང་གི་གདམས་པ་མང་དུ་གསན། གཞན་ཡང་མུས་པ་ཆོས་རྗེ་ཀུན་དགའ་རྒྱ་ མཚོ་དང། ཤར་པ་ཡེ་ཤེས་བཟང་པོ། བདག་ཆེན་ཀུན་དགའ་བཀྲིས། མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་། མཚུངས་མེད་ བསོད་ནམས་དཔལ་ལྡན་སོགས་མཁས་གྲུབ་དུ་མ་བསྟེན་ནས་མདོ་རྒྱུད་ཀྱི་གཞུང་ལ་ཐོས་བསམ་མཐར་ཕྱིན་པ་གནང། དགེས་པ་རྡོ་རྗེ་ སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཛད། དགུང་ལོ་སོ་དྲུག་པར་འཇམ་མགོན་བསོད་ནམས་དཔལ་ལྡན་གྱི་བཀའ་བཞིན། སྟོད་ མངའ་རིས་རབ་རྒྱས་གླིང་དུ་ཡུན་རིང་བཞུགས། རྟེན་གསུམ་གསར་བཞེངས་དང་ཉམས་གསོ། དགེ་འདུན་གྱི་སྡེ་སྤེལ། འཆད་རྩོད་ སོགས་ལུགས་གཉིས་ཀྱི་སྒོ་ནས་བསྟན་དོན་མཛད། དགུང་ལོ་ལྔ་བཅུ་པ་ཤིང་སྦྲུལ་ལོར་དཔལ་ཨེ་ཝཾ་པའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། གདན་ས་ལོ་ལྔ་གནང་ལམ་འབྲས་ཚར་ལྔ་སོགས་བཤད་སྒྲུབ་ཀྱི་སྒོ་ནས་རྒྱལ་བསྟན་གསལ་བར་མཛད། སློབ་མ་ཡང་ཞབས་དྲུང་ནམ་ མཁའ་བསམ་འགྲུབ། ཤར་པ་བདག་ཆེན་རིན་ཆེན་མི་འགྱུར་བསྟན་པའི་རྒྱལ་མཚན། ཁང་གསར་དབོན་པོ་བསོད་ནམས་ལྷུན་གྲུབ་ སོགས་སྐྱེས་ཆེན་དུ་མ་བྱོན། མཐར་དགུང་ལོ་ང་ལྔ་པ་ལྕགས་ཁྱི། ཕྱི་ལོ་ ༡༧༣༠ ལོར་ཞི་བར་གཤེགས།

