བྱམས་པ་ཀུན་དགའ་བསྟན་འཛིན།
ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ། ཕྱི་ལོ་ ༡༧༧༦ ལོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཉེ་འདབས་རྩེན་རྒྱ་མཚོ་གླིང་དུ་ཡབ་བྲང་ ཏི་པདྨ་དོན་གྲུབ་དང། ཡུམ་པདྨ་བུ་ཁྲིད་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཨེ་ཝྃ་ཆོས་ལྡན་དུ་བླ་བྲང་ཐར་པ་ རྩེར་ཕེབས་ཏེ་གསན་བསམ་གནང། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ལས་སྡོམ་གསུམ་གྱི་བཀྲིན་ནོས། འདམ་ཐོག་བླ་མ་རིན་ཆེན་ གྲགས། མཁན་ཆེན་ངག་དབང་དམ་ཆོས། ཕན་ཁང་དཔལ་ལྡན་རིན་ཆེན་ཆོས་མཛོད། མཁན་ཆེན་ནམ་མཁའ་འཆི་མེད་སོགས་ ཡོངས་འཛིན་ཉི་ཤུ་རྩ་ལྔ་ལས་གསུང་ངག་ལམ་འབྲས་སོགས་སྙན་བརྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུར་གསན་བསམ་གནང། དཔལ་ ཀྱེ་རྡོ་རྗེ་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་མཛད། དགུང་ལོ་སོ་དྲུག་པ་ལྕགས་ལུག་ལོར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ ཁྲིར་མངའ་གསོལ། ལོ་དགུ་གདན་ས་བཟུང་སྟེ་འཆད་རྩོད་རྩོམ་གསུམ་དང་། མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས་རྒྱལ་བ་གཉིས་ པའི་བསྟན་པ་སྔར་ལས་ཀྱང་རྒྱས་པར་མཛད། སྡེ་དགེ་ཆོས་རྒྱལ་ཆེན་པོས་ལན་གཉིས་སྤྱན་དྲངས་ཏེ་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ ལས་བསྐྱངས། ཆོས་རྒྱལ་ཆེན་པོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ། སྔ་ཕྱིར་ལམ་འབྲས་ཚོགས་བཤད་ཚར་བཅུ་དང། སློབ་བཤད་ ཚར་བཞི་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། སློབ་མ་ཡང་ངག་དབང་ཀུན་དགའ་བཀྲིས་མཐུ་སྟོབས་བསྟན་བཟང་པོ་སོགས་ ས་སྐྱ་འཁོན་གྱི་གདུང་རྒྱུད་དུ་འཁྲུངས་པ་ལྔ་། རྣལ་འབྱོར་འཇམ་དཔལ་བཟང་པོ་སོགས་ངོར་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་འཁོད་པ་དྲུག།
23
འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་འཛམ་གླིང་མཛེས་པའི་རྒྱན་ལྔ་། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་སོགས་ངོར་པའི་ ཞབས་དྲུང་བརྒྱད། ལྷ་སྲས་ཚེ་དབང་རྡོ་རྗེ་སོགས་ཆོས་རྒྱལ་པོ་ཡབ་སྲས་བཞི་སོགས་དུ་མ་བྱོན། མཐར་དགུང་ལོ་གྱ་བདུན་པ་རབ་ བྱུང་བཅུ་བཞི་པའི་ཆུ་ཁྱི། ཕྱི་ལོ་༡༨༦༢ལོར་ཞི་བར་གཤེགས།

