གདན་རབས་རིམ་བྱོན།

བྱམས་པ་ནམ་མཁའ་འཆི་མེད།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་བྱ། ཕྱི་ལོ་ ༡༧༦༥ ལོར་གཙང་གཡས་རུའི་ཉང་སྨད་རྩེན་རྒྱ་མཚོ་གླིང་དུ་ཡབ་བྲང་ཏི་རྟ་ མགྲིན་དང། ཡུམ་པ་སངས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་ངོར་ཐར་རྩེར་ཕེབས། ཐུན་མོང་རིག་གནས་ དང་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ལ་གསན་བསམ་མཛད།

བྱམས་པ་ནམ་མཁའ་འཆི་མེད།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་བྱ། ཕྱི་ལོ་ ༡༧༦༥ ལོར་གཙང་གཡས་རུའི་ཉང་སྨད་རྩེན་རྒྱ་མཚོ་གླིང་དུ་ཡབ་བྲང་ཏི་རྟ་ མགྲིན་དང། ཡུམ་པ་སངས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་ངོར་ཐར་རྩེར་ཕེབས། ཐུན་མོང་རིག་གནས་ དང་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ལ་གསན་བསམ་མཛད། དགུང་ལོ་བདུན་པར་ཁང་གསར་མཁན་ཆེན་ངག་དབང་ཆོས་ སྐྱོང་བཟང་པོ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བྱམས་པ་ནམ་མཁའ་འཆི་མེད་གསོལ། 

དགུང་ལོ་ཉི་ཤུ་པར་ དཔལ་ས་སྐྱ་རུ་མཁན་ཆེན་སྦྱིན་པ་བཀྲིས་དང། ལས་སློབ་བྱམས་པ་བསོད་ནམས་བཟང་པོ་སོགས་ལས་བསྙེན་པར་རྫོགས། ཁང་ གསར་མཁན་ཆེན་ངག་དབང་ཆོས་སྐྱོང་བཟང་པོ་ལས་ལམ་འབྲས་ཚོགས་བཤད། འཇམ་མགོན་ངག་དབང་ཀུན་དགའ་བློ་གྲོས་ལས་ ལམ་འབྲས་ཚོགས་སློབ་གཉིས་ཀ་གསན། 

 ཕན་ཁང་དབོན་རིན་པོ་ཆེ་རིན་ཆེན་གྲུབ་སོགས་ཡོངས་འཛིན་བཅུ་ཕྲག་ལྔ་ལྷག་བསྟེན་ནས་ཕྱི་ནང་གི་རིག་པའི་གནས་དང། ནང་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ལ་སོགས་པར་གསན་བསམ་མཐར་སོན།དགུང་ལོ་ཉེར་ལྔ་པར་ངག་ དབང་ཕུན་ཚོགས་དོན་གྲུབ་ཀྱི་གདན་ཚབ་ཏུ་འོག་མིན་ཨེ་ཝཾ་ཆོས་ལྡན་གྱི་ཆོས་ཀྱི་ཁྲི་ལ་མངའ་གསོལ། 

སྡོམ་གསུམ་དང་ལམ་འབྲས་ཚར་བརྒྱད་སོགས་སྨིན་གྲོལ་དུ་མ་སྩལ། དགུང་ལོ་ཉེར་དགུ་པར་ཉིད་ཀྱི་གདན་ཚབ་ཏུ་མཁས་གྲུབ་ངག་དབང་དམ་ཆོས་མངའ་གསོལ། དགུང་ལོ་སུམ་ཅུ་པར་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས་ཏེ་ལོ་བཅུ་གཅིག་རིང་ཁམས་སུ་བསྟན་འགྲོའི་དོན་མཛད། 

དེ་ནས་ངོར་དུ་ཕེབས་ཏེ་ལོ་ཤས་རིང་གསུང་ངག་ལམ་འབྲས་སོགས་འཆད་སྤེལ་མཛད། སླར་ཁམས་ཕྱོགས་སུ་བྱོན་ཏེ་དགོངས་པ་མ་རྫོགས་ པར་ཟབ་རྒྱས་ཆོས་ཀྱིས་བསྟན་དོན་མཛད། 

སློབ་མ་ཡང་མཁན་ཆེན་བྱམས་པ་བསོད་ནམས་དཔལ་འབྱོར།མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན། མཁན་ཆེན་རྣལ་འབྱོར་འཇམ་དཔལ་བཟང་པོ། ཤར་ཆེན་ངག་དབང་བསྟན་པའི་རྒྱལ་མཚན། ཕན་ཁང་ ཞབས་དྲུང་རིན་ཆེན་ངག་དབང་བསྟན་པ་རིན་པོ་ཆེ། ལྷ་སྲས་ཚེ་དབང་རྡོ་རྗེ་སོགས་དུ་མ་བྱོན། ཕྱག་ལེན་དང་འབྲེལ་བའི་གསུང་རྩོམ་ འགའ་རྗེས་འཇུག་གི་ཆེད་དུ་བཞུགས། གཞན་ཡང་དམ་པ་འདིས་དངུལ་སྲང་ལྔ་བཅུ་ལས་གྲུབ་པའི་འཇམ་དབྱངས་དཀར་པོ་སོགས་

22

སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་བཞེངས། མཐར་དགུང་ལོ་ལྔ་བཅུ་ང་དྲུག་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག 

ཕྱི་ལོ་ ༡༨༢༠ ལོར་ སྡེ་དགེ་ལྷུན་གྲུབ་སྟེང་གི་ཕན་གླིང་བླ་བྲང་དུ་སྐུ་གཤེགས།