གདན་རབས་རིམ་བྱོན།

བྱམས་པ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱི་ལོ། ཕྱི་ལོ་ ༡༦༩༦ ལོར་ཤབ་སྟོད་རྗེ་ལུང་དུ་ཡབ་གཡང་འཛོམས་དང། ཡུམ་ཚེ་བཀྲ་ཤིས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་པདྨ་ཞེས་གསོལ། དགུང་ལོ་བཅུ་གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་ཐོས་བསམ་གནང། དགུང་ལོ་བཅུ་བཞི་པར་བྱམས་པ་ཚུལ་ཁྲིམས་དཔལ་བཟང་པོས་མཁན་པོ་དང།

བྱམས་པ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱི་ལོ། ཕྱི་ལོ་ ༡༦༩༦ ལོར་ཤབ་སྟོད་རྗེ་ལུང་དུ་ཡབ་གཡང་འཛོམས་དང། ཡུམ་ཚེ་བཀྲ་ཤིས་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་པདྨ་ཞེས་གསོལ། དགུང་ལོ་བཅུ་གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་ཐོས་བསམ་གནང། དགུང་ལོ་བཅུ་བཞི་པར་བྱམས་པ་ཚུལ་ཁྲིམས་དཔལ་བཟང་པོས་མཁན་པོ་དང། ལས་སློབ་མཚུངས་མེད་བསོད་ནམས་དཔལ་ལྡན་ སོགས་ལས་རབ་ཏུ་བྱུང་། མཚན་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོར་གསོལ། དགུང་ལོ་བཅུ་དགུ་པར་ཤར་ཆེན་བློ་གྲོས་ གྲགས་པས་མཁན་པོ་དང། ལས་སློབ་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་སོགས་ལས་བསྙེན་རྫོགས་མཛད། བླ་མ་བསྟན་འཛིན་ལྷུན་ གྲུབ། མཁན་ཆེན་བསོད་ནམས་བཟང་པོ། སྤྲོ་ལུང་བསོད་ནམས་ཆོས་འཕེལ། རྒྱ་རོང་པ་སངས་རྒྱས་བསྟན་པ་སོགས་མཁས་གྲུབ་དུ་ མ་ལས་ཆོས་མང་དུ་གསན། ཁྱད་པར་རྡོ་རྗེ་འཆང་བསོད་ནམས་དཔལ་ལྡན་ལས་གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་དུ་མ་ལ་ ཐོས་བསམ་གནང། ཐར་རྩེའི་གདན་ས་སྐྱོང་ཞིང་འཆད་ཉན་མཛད། ལྷག་པར་ཀྱེ་རྡོ་རྗེ་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་མཛད། དགུང་ལོ་སོ་ལྔ་པ་ལྕགས་ཁྱི་ལོར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། ལམ་འབྲས་ཚར་གསུམ་གྱིས་མཚོན་ ཆོས་འཁོར་མང་པོ་བསྐོར། སྡོམ་གསུམ་སྩལ་བ་གྲངས་ལས་འདས། སློབ་མ་ཡང་། སྔགས་འཆང་བསོད་ནམས་རིན་ཆེན་ཡབ་སྲས། ཞབས་དྲུང་ཀླུ་ལྡིང་པ་རིན་ཆེན་མི་འགྱུར་རྒྱལ་མཚན། ཁང་གསར་དབོན་བསོད་ནམས་ལྷུན་གྲུབ། མཁས་གྲུབ་དཔལ་ལྡན་ཆོས་སྐྱོང་ སོགས་མཁས་གྲུབ་དུ་མ་བྱོན། ཆུ་གླང་ལོར་ཉིད་ཀྱི་གདན་ཚབ་ཏུ་མཁས་གྲུབ་དཔལ་ལྡན་ཆོས་སྐྱོང་མངའ་གསོལ། མཐར་དགུང་ལོ་ང་ དགུ་པ་ཤིང་ཁྱི། ཕྱི་ལོ་ ༡༧༥༤ ལོར་ཨེ་ཝཾ་ཆོས་ལྡན་དུ་སྐུ་གཤེགས།