བྱམས་པ་དཔལ་ལྡན་ཆོས་མཛོད།
ཁོང་ནི་རབ་བྱུང་བཅོ་ལྔ་པའི་འགོ་དང་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་དུ་སྤིས་གྲང་ཟུར་ཁང་ཞེས་པར་མཁན་ཆེན་དཔལ་ ལྡན་ཆོས་སྐྱོང་གི་དབོན་བརྒྱུད་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ངོར་ཕན་བདེ་བླ་བྲང་དུ་བཞུགས་ཏེ་ཐོས་བསམ་གནང། འཇམ་དབྱངས་རིན་ཆེན་རྡོ་རྗེ་ལས་རབ་ཏུ་བྱུང། བསྙེན་རྫོགས། སེམས་བསྐྱེད། ཀྱེ་རྡོར། གསུང་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་ པའི་གདམས་ངག་སོགས་གསན། གཞན་ཡང་དཔལ་ལྡན་བློ་གྲོས་རྒྱལ་མཚན། མཆོག་སྤྲུལ་ཤེས་རབ་རྒྱ་མཚོ། ངག་དབང་བློ་གྲོས་ སྙིང་པོ་སོགས་ལས་བཀའ་ཆོས་དུ་མ་གསན། རབ་བྱུང་བཅོ་ལྔ་པའི་ས་ཕོ་ཁྱི་ཡི་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་མངའ་ གསོལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པས་མཚོན། སྡོམ་པ་གསུམ་དང། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་སོགས་ ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། (འདས་ལོ་མ་ངེས)

