གདན་རབས་རིམ་བྱོན།

བྱམས་པ་དཔལ་ལྡན་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་སྨད་དང་དུས་རབས་བཅོ་བརྒྱད་པའི་དུས་སྨད་དུ་གཙང་པད་ནང་དུ་སྐུ་འཁྲུངས། ངོར་ཨེ་ཝཾ་ཆོས་ ལྡན་ཕན་བདེ་བླ་བྲང་དུ་བཞུགས་ནས་རང་ལུགས་ཀྱི་གཞུང་རྣམས་ལ་ཐོས་བསམ་སློབ་གཉེར་མཛད། བྱམས་པ་ཀུན་དགའ་བསྟན་ འཛིན། ངག་དབང་བློ་གྲོས་བཟང་པོ།

བྱམས་པ་དཔལ་ལྡན་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་སྨད་དང་དུས་རབས་བཅོ་བརྒྱད་པའི་དུས་སྨད་དུ་གཙང་པད་ནང་དུ་སྐུ་འཁྲུངས། ངོར་ཨེ་ཝཾ་ཆོས་ ལྡན་ཕན་བདེ་བླ་བྲང་དུ་བཞུགས་ནས་རང་ལུགས་ཀྱི་གཞུང་རྣམས་ལ་ཐོས་བསམ་སློབ་གཉེར་མཛད། བྱམས་པ་ཀུན་དགའ་བསྟན་ འཛིན། ངག་དབང་བློ་གྲོས་བཟང་པོ། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་སོགས་དམ་པ་རྣམས་ལས་སྤྱིར་སྡོམ་པ་གསུམ་དང་། བྱེ་བྲག་ གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་སྐོར་ཕལ་ཆེར་གསན་བསམ་གནང་སྟེ་བསྙེན་སྒྲུབ་ཚུལ་བཞིན་མཛད། ཡོངས་འཛིན་པཎྜི་ཏ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྒྱལ་ཚབ་ཏུ་ཀུན་མཁྱེན་ཨེ་ཝཾ་པའི་གསེར་ཁྲིར་ མངའ་གསོལ། གསུང་ངག་ལམ་འབྲས་ཀྱིས་མཚོན་རྒྱུད་སྡེ་རྣམས་ཀྱི་དབང་ཁྲིད་ལུང་མན་ངག་སོགས་ཀྱིས་སྐྱེ་འགྲོ་ཕན་བདེའི་ལམ་ལ་

24

བཀོད། ཞལ་སློབ་ཀྱི་གཙོ་བོ་འཇམ་མགོན་ངག་དབང་ལེགས་གྲུབ། ཀུན་དགའ་བསྟན་པའི་བློ་གྲོས། འཇམ་དབྱངས་མཁྱེན་བརྩེ་ དབང་པོ། བྱམས་པ་ཀུན་དགའ་བསྟན་པའི་རྒྱན་མཚན་སོགས་དུ་མ་བྱོན། སྐུ་ཚེ་འཇུག་ཏུ་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་། མུས་ སྟག་མོ་གླིང་ཁར་སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས)