གདན་རབས་རིམ་བྱོན།

བྱམས་པ་ཚུལ་ཁྲིམས་དཔལ་བཟང་།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས། ཕྱི་ལོ་ ༡༦༧༥ ལོར་མི་ཉག་རབ་སྒང་དུ་ཡབ་བཀྲིས་དགའ་དང། ཡུམ་ཨ་སྐྱིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། མཚན་དཀའ་ཐུབ་རྒྱལ་དུ་གསོལ། དགུང་ལོ་བཅུ་བདུན་པར་ངོར་དུ་ཕེབས། ཀླུ་ལྡིང་དུ་ཤར་པ་ཡེ་ཤེས་བཟང་ པོས་མཚན་ཚུལ་ཁྲིམས་དཔལ་བཟང་པོར་གསོལ།

བྱམས་པ་ཚུལ་ཁྲིམས་དཔལ་བཟང་།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས། ཕྱི་ལོ་ ༡༦༧༥ ལོར་མི་ཉག་རབ་སྒང་དུ་ཡབ་བཀྲིས་དགའ་དང། ཡུམ་ཨ་སྐྱིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། མཚན་དཀའ་ཐུབ་རྒྱལ་དུ་གསོལ། དགུང་ལོ་བཅུ་བདུན་པར་ངོར་དུ་ཕེབས། ཀླུ་ལྡིང་དུ་ཤར་པ་ཡེ་ཤེས་བཟང་ པོས་མཚན་ཚུལ་ཁྲིམས་དཔལ་བཟང་པོར་གསོལ། དགུང་ལོ་བཅོ་བརྒྱད་པར་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མཁན་པོ་མཛད་ ནས་དགེ་ཚུལ་བསྒྲུབས། དགུང་ལོ་ཉི་ཤུ་པར་ཤར་ཆེན་ཡེ་ཤེས་བཟང་པོས་མཁན་པོ་དང། ལས་སློབ་འཇམ་དབྱངས་སངས་རྒྱས་ཕུན་ ཚོགས་སོགས་ལས་བསྙེན་རྫོགས་མཛད། བཤེས་གཉེན་སངས་རྒྱས་དཔལ་ལྡན་དང། མུས་ཆེན་ཀུན་དགའ་རྒྱ་མཚོ་སོགས་དང། ཁྱད་ པར་དུ་རྡོ་རྗེ་འཆང་སངས་རྒྱས་ཕུན་ཚོགས་ལས་ལམ་འབྲས་ཚར་ལྔ། ཤར་ཆེན་སངས་བསྟན་འཛིན་ལས་ལམ་འབྲས་ཚར་གཉིས། མཁན་ཆེན་ཤེས་བྱ་བཟང་པོ་ལས་ལམ་འབྲས་ཚར་གསུམ་གྱིས་མཚོན་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ ཕྱིན། ཡི་དམ་དུ་མའི་བསྙེན་སྒྲུབ་མཛད། དགུང་ལོ་ཉེར་གསུམ་པར་ཨེ་ཝཾ་ཆོས་ལྡན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། ཉེར་དགུ་ པར་ཆུ་ལུག་ལོར་ངོར་ཨེ་ཝཾ་པའི་གདན་སའི་ཁྲིར་མངའ་གསོལ། ལམ་འབྲས་ཚར་དགུས་གཙོས་ཟབ་ཁྲིད་དབང་ལུང་མན་ངག་དཔག་ ཏུ་མེད་པ་སྩལ། བརྒྱུད་འཛིན་གྱི་སློབ་མ་ཡང་སྔགས་འཆང་ཀུན་དགའ་བཀྲིས། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོ། བྱམས་

15

པ་བསོད་ནམས་བཟང་པོ། ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་འགྲུབ། འཇམ་མགོན་བཀྲིས་ལྷུན་གྲུབ། སྐུ་དབོན་བསོད་ནམས་ ཆོས་འཕེལ། མི་ཉག་དཀོན་མཆོག་རྒྱལ་མཚན་སོགས་མང་དུ་བྱོན། གསུང་རྩོམ་ཡང་། སངས་རྒྱས་ཕུན་ཚོགས་ཀྱི་རྣམ་ཐར་དང། བསྟོད་ཚོགས། རྒྱུད་འགྲེལ་སོགས་དུ་མ་མཛད། དགུང་ལོ་སོ་དྲུག་པ་ལྕགས་སྟག་ལོར་འཇམ་དབྱངས་བསོད་ནམས་དཔལ་ལྡན་རྒྱལ་ ཚབ་ཏུ་བསྐོས། ལོ་དེ་གའི་ནག་པ་ཟླ་བའི་ཚེས་ཉེར་ལྔ་། ཕྱི་ལོ་ ༡༧༡༠ ལོར་ཞི་བར་གཤེགས།