གདན་རབས་རིམ་བྱོན།

འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་སྤྱི་ལོ་༡༨༨༥ལོར་བྲང་ཏི་རིགས་རྒྱུད་ཤེས་རབ་སེང་གེ་དང། གསང་བདག་སྒྲོལ་ཕུག་པའི་རིགས་ ལས་ཆད་པའི་ཡུམ་ལས་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ངོར་ཐར་རྩེ་བླ་བྲང་དུ་ཕེབས། ཁུ་བོ་མཁན་ཆེན་འཇམ་དབྱངས་རིན་ ཆེན་རྡོ་རྗེའི་དྲུང་དུ་གཙུག་ཕུད་ཕུལ། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་མཛད།

འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་སྤྱི་ལོ་༡༨༨༥ལོར་བྲང་ཏི་རིགས་རྒྱུད་ཤེས་རབ་སེང་གེ་དང། གསང་བདག་སྒྲོལ་ཕུག་པའི་རིགས་ ལས་ཆད་པའི་ཡུམ་ལས་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ངོར་ཐར་རྩེ་བླ་བྲང་དུ་ཕེབས། ཁུ་བོ་མཁན་ཆེན་འཇམ་དབྱངས་རིན་ ཆེན་རྡོ་རྗེའི་དྲུང་དུ་གཙུག་ཕུད་ཕུལ། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་མཛད། མཁན་ཆེན་དེ་ཉིད་ལས་ཚིགས་གསུམ་རིམ་ནོད་ཀྱིས་ བསྙེན་པར་རྫོགས། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། གསུང་ངག་ལམ་འབྲས་སོགས་སྨིན་གྲོལ་བྱིན་རླབས་ལུང་ སོགས་རྒྱ་ཆེར་གསན། དཔལ་ནཱ་ལེནྡྲའི་མཁན་པོ་སྙན་གྲགས་ཐར་པ་སོགས་མཁས་གྲུབ་དུ་མ་ལས་མདོ་སྔགས་རིག་གནས་སོགས་ གསན་བསམ་གནང། ཀྱེ་རྡོར་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་མཐར་ཕྱིན། རྒྱལ་བ་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ། འཁོར་ འདུས་པ་རྒྱ་མཚོར་གསུང་ངག་ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད་པ་སོགས་ བསྟན་འགྲོའི་དོན་མཛད། མཐར་དགུང་ལོ་དྲུག་ཅུ་རྩ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་སྤྱི་ལོ་༡༩༥༢ལོར་བདེ་བར་ གཤེགས།