གདན་རབས་རིམ་བྱོན།

འཇམ་དབྱངས་ནམ་མཁའ་དཔལ་བཟང།

ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕག ཕྱི་ལོ་ ༡༦༡༡ ལོར་འུ་ཡུག་ཕུའི་འབྲོག་གསེབ་ཏུ་ཡབ་ཁོར་ཚ་ད་ར་དང། ཡུམ་ཁོར་མོ་ནོར་ འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཀརྨ་གསོལ། སྐུ་ན་ཆུང་ངུའི་དུས་ནས་རྩེ་གདོང་དུ་བྱོན་ནས་ཐོས་བསམ་གནང། དེ་ནས་ཨེ་ཝཾ་ཐར་རྩེར་ཁུ་བོ་ཆོས་རྗེ་ནམ་མཁའ་སངས་རྒྱས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།

འཇམ་དབྱངས་ནམ་མཁའ་དཔལ་བཟང།

ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕག ཕྱི་ལོ་ ༡༦༡༡ ལོར་འུ་ཡུག་ཕུའི་འབྲོག་གསེབ་ཏུ་ཡབ་ཁོར་ཚ་ད་ར་དང། ཡུམ་ཁོར་མོ་ནོར་ འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཀརྨ་གསོལ། སྐུ་ན་ཆུང་ངུའི་དུས་ནས་རྩེ་གདོང་དུ་བྱོན་ནས་ཐོས་བསམ་གནང། དེ་ནས་ཨེ་ཝཾ་ཐར་རྩེར་ཁུ་བོ་ཆོས་རྗེ་ནམ་མཁའ་སངས་རྒྱས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ནམ་མཁའ་དཔལ་བཟང་ཞེས་ མཚན་གསོལ། རྗེ་འདི་ལས་ཆོས་མང་དུ་གསན། གཞན་ཡང་ཤར་ཆེན་ཁུ་དབོན། རིན་པོ་ཆེ་དཔལ་ལྡན་དོན་གྲུབ་ཁུ་དབོན་སོགས་ མཁས་གྲུབ་དུ་མ་ལས་གསུང་ངག་ལམ་འབྲས་སོགས་ཀྱི་ཁྲིད་དབང་ལུང་མན་ངག་མཐའ་ཡས་པ་གསན། ཁམས་སུ་འབུལ་བསྡུད་ལ་ བྱོན། དེ་ནས་ངོར་དུ་བྱོན་ཏེ་བྲང་ཏི་མཁན་ཆེན་ནམ་མཁའ་རིན་ཆེན་ཨེ་ཝཾ་གྱི་གདན་སར་བཀོད། རྗེ་འདིས་ཐར་རྩེའི་གདན་ས་པ་ མཛད། དགུང་ལོ་རེ་གཅིག་པ་ཕག་ལོར་ཨེ་ཝཾ་པའི་གདན་ཁྲིར་མངའ་གསོལ། གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་མན་ངག་དུ་ མའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། མཐར་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཅིག་པའི་ཆུ་བྱི། ཕྱི་ལོ་ ༡༦༧༢ ཧོར་ཟླ་ བཞི་པའི་ཚེས་བཅུ་དགུའི་སྲོད་ལ་ཐར་རྩེའི་གཟིམས་ཁང་དུ་ཞི་བར་གཤེགས།