གདན་རབས་རིམ་བྱོན།

འཇམ་དབྱངས་ཤེས་རབ་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ། ཕྱི་ལོ་ ༡༨༧༢ ལོར་ཡབ་ཤར་ཆེན་དམ་པའི་སྲས་ཞབས་དྲུང་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ དང། ཡུམ་སྡེ་དགེ་ཧོ་ཆོ་ཚང་གི་སྲས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡུམ་གྱི་ལྷུམས་སུ་བཞུགས་དུས་དཔལ་ས་སྐྱའི་ཁྲི་ཆེན་འཇིགས་ མེད་དབང་རྒྱལ་གྱིས་ཕྲུ་གུ་འདི་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པ་ཞིག་ཡོང་།

འཇམ་དབྱངས་ཤེས་རབ་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ། ཕྱི་ལོ་ ༡༨༧༢ ལོར་ཡབ་ཤར་ཆེན་དམ་པའི་སྲས་ཞབས་དྲུང་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ དང། ཡུམ་སྡེ་དགེ་ཧོ་ཆོ་ཚང་གི་སྲས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡུམ་གྱི་ལྷུམས་སུ་བཞུགས་དུས་དཔལ་ས་སྐྱའི་ཁྲི་ཆེན་འཇིགས་ མེད་དབང་རྒྱལ་གྱིས་ཕྲུ་གུ་འདི་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པ་ཞིག་ཡོང་། མཚན་ལ་རྒྱལ་སྲས་འཇིགས་མེད་བསོད་ནམས་ དབང་གི་རྒྱལ་པོར་གསོལ། སྐུ་ཆུང་ངུ་ནས་ཡུམ་དང་ལྷན་སྡེ་དགེར་ཕེབས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང། རྒན་ བྱང་ཆུབ་བཟང་པོ་གཉིས་ལས་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། ངོར་ཕན་བདེ་བླ་བྲང་གི་མཁན་ཆེན་ངག་དབང་ཀུན་དགའ་བསྟན་ པའི་རྒྱལ་མཚན་ལས་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་བཀའ་དྲིན་མནོས། དེ་རྗེས་ངོར་ཆེན་སྡོམ་རྒྱུན་འདི་ཉག་ཕྲ་བར་གཟིགས་ ཏེ་སྒྲུབ་བརྩོན་དམ་པ་འཇམ་དབྱངས་བློ་གྲོས་ལས་ངོར་ཆེན་གྱི་སྡོམ་རྒྱུན་བཞེས། གཞན་ཡང་མཁས་གྲུབ་ཀྱི་བླ་མ་བགྲངས་ལས་ འདས་པ་བསྟེན་ཏེ་མདོ་རྒྱུད། མན་ངག་སྙན་བརྒྱུད་རིག་གནས་དང་བཅས་པར་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། ཡིད་ལྷུང་ལྷ་མཚོ་ ཁར་ལོ་བཅུ་ཕྲག་ལྷག་སྐུ་མཚམས་བཞུགས་ཏེ་ལྷག་ལྷ་རབ་འབྱམས་ཀྱི་གྲངས་དང་མཚན་མའི་བསྙེན་པ་མཐར་ཕྱིན་པར་མཛད། དེ་ ནས་དགུང་ལོ་ལྔ་བཅུ་ང་གསུམ་ཤིང་བྱི་ལོར་ངོར་ཨེ་ཝཾ་ཆོས་ལྡན་དུ་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་ཕེབས། གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་རྒྱུད་སྡེ་རྒྱ་མཚོའི་ཆོས་ཆར་ཕབ། ངོར་གྱི་དབང་ཁང་ཆེན་པོའི་ནང་གི་ལོག་བྲིས་ཚང་མ་ ཉམས་གསོ་མཛད་པ་སོགས་ཆོས་དང་ཟ་ཟིང་གི་ཕྲིན་ལས་མཐའ་ཡས་པས་བསྐྱངས། མཐར་དགུང་ལོ་ལྔ་བཅུ་ང་ལྔ་མེ་སྟག། ཕྱི་ལོ་ ༡༩༢༦ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་དགུན་ཆོས་སྣང་གསུམ་གྲུབ་པ་དང་དགོངས་པ་གཞན་དོན་དུ་གཤེགས།