གདན་རབས་རིམ་བྱོན།

རྗེ་ལྷ་མཆོག་སེང་གེ།

ཁོང་ནི་རབ་བྱུང་བརྒྱད་པའི་ས་བྱི།ཕྱི་ལོ་༡༤༦༨ལོར་དཔལ་ལྡན་ས་སྐྱར་ཡབ་དཔོན་ནེ་ཀུན་དགའ་རྒྱལ་མཚན་དང།ཡུམ་དགེ་བསྙེན་དཀོན་མཆོག་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་ཀུན་མཁྱེན་བསོད་ནམས་སེང་གེ་ལས་རབ་ཏུ་བྱུང་།

རྗེ་ལྷ་མཆོག་སེང་གེ།

ཁོང་ནི་རབ་བྱུང་བརྒྱད་པའི་ས་བྱི།ཕྱི་ལོ་༡༤༦༨ལོར་དཔལ་ལྡན་ས་སྐྱར་ཡབ་དཔོན་ནེ་ཀུན་དགའ་རྒྱལ་མཚན་དང།ཡུམ་དགེ་བསྙེན་དཀོན་མཆོག་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་ཀུན་མཁྱེན་བསོད་ནམས་སེང་གེ་ལས་རབ་ཏུ་བྱུང་། མཚན་ལྷ་མཆོག་སེང་གེར་གསོལ། རྗེ་དེ་ཉིད་ལས་ལམ་འབྲས་སོགས་ཆོས་མཐའ་ཡས་པ་གསན། གཞན་ཡང་ཟུར་ཆེན་པ། ཡོངས་འཛིན་རིན་པོ་ཆེ། དྲུང་ནས་དོན་གྲུབ་ཤེས་རབ་པ། རྒྱལ་བ་དཀའ་ཐུབ་པ། ཆོས་རྗེ་གློ་བོ་མཁན་ཆེན། མུས་ཆེན་སང་རིན་ སོགས་མཁས་གྲུབ་དུ་མ་དང། ཁྱད་པར་དུ་རྗེ་ཡོངས་འཛིན་དཀོན་མཆོག་འཕེལ་ཡུན་རིང་བསྟེན་ནས་གསུང་ངག་ལམ་འབྲས་གཙོས་མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱོང་མཛད། དགུང་ལོ་ཉེར་དྲུག་པར་ཨེ་ཝཾ་གཙུག་ལག་ཁང་དུ་མཁན་པོ་རྗེ་ཡོངས་འཛིན་དཀོན་མཆོག་འཕེལདང།ལས་སློབ་བྱ་བཏང་ཀུན་དགའ་མཆོག་ལྡན་སོགས་ལས་བསྙེན་རྫོགས་མཛད།(མེ་བྱི་)ལོར་རྗེ་སངས་རྒྱས་རིན་ཆེན་གྱིས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གདན་སར་མངལ་གསོལ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྐལ་ལྡན་གྱི་ལས་སློབ་དུ་མ་སྨིན་པར་མཛད།

ཐར་རྩེར་བྱོན་ཏེ་གསང་ཐབས་སུ་བདུད་རྩིའི་རིལ་བུ་བསྒྲུབ་དུས་ཚོགས་འཁོར་གྱི་ལྷག་གཏོར་ཝ་དམར་གཉིས་ཀྱིས་རྟག་ཏུ་ལེན་པ་བྱུང་བ།རྒྱ་གར་དུ་མངའ་བདག་མཻ་ཏྲི་པས་ཚོགས་འཁོར་མཛད་དུས་ཅེ་སྤྱང་གིས་ལེན་པ་དང་མཚུངས་ཤིང།བདུད་རྩིའི་རིལ་བུ་གྲུབ་པའི་རྟགས་ངོ་མཚར་བ་ཆེན་པོ་དུ་མ་བྱུང་།ཡི་དམ་དང་ཆོས་སྐྱོང་དུ་མས་ཞལ་གཟིགས་ཤིང་ལུང་བསྟན་དུ་མ་ཐོབ་སྟེ་བསྟན་འགྲོའི་དོན་དཔག་ཏུ་མེད་པ་མཛད།མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་མཁན་པོར་མངའ་གསོལ། དགུང་ལོ་དྲུག་ ཅུ་རེ་བརྒྱད་པར་རབ་བྱུང་དགུ་པའི་ཤིང་ལུག ཕྱི་ལོ་ ༡༥༣༥ ལོར་སྐུ་གཤེགས།