གདན་རབས་རིམ་བྱོན།

རྗེ་མུས་ཆེན་སངས་རྒྱས་རིན་ཆེན།

ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་བྱ། ཕྱི་ལོ་ ༡༤༥༣ ལོར་མུས་ཀྱི་རྟ་མོ་གླིང་སྐྱར་ཡབ་དཀོན་མཆོག་ལེགས་དང། ཡུམ་ཆོས་སྐྱོང་རྒྱལ་ མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་སངས་རྒྱས་རིན་ཆེན་དུ་གསོལ།

རྗེ་མུས་ཆེན་སངས་རྒྱས་རིན་ཆེན།

ཁོང་ནི་རབ་བྱུང་བརྒྱད་པའི་ཆུ་བྱ། ཕྱི་ལོ་ ༡༤༥༣ ལོར་མུས་ཀྱི་རྟ་མོ་གླིང་སྐྱར་ཡབ་དཀོན་མཆོག་ལེགས་དང། ཡུམ་ཆོས་སྐྱོང་རྒྱལ་ མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་སངས་རྒྱས་རིན་ཆེན་དུ་གསོལ། ཆོས་རྗེ་ཉིད་ལས་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་རྫོགས་ལན་གསུམ་གྱི་ བར་དུ་གསན། ཉེར་བརྒྱད་པར་གྲུབ་ཆེན་དཀོན་མཆོག་བློ་གྲོས་པས་མཁན་པོ་དང་། བླ་མ་དཔལ་ལྡན་རྒྱལ་པོ་སོགས་ལས་བསྙེན་པར་རྫོགས། རྟ་ནག་ཏུ་ཀུན་མཁྱེན་བསོད་ནམས་སེང་གེ་ལོ་བརྒྱད་བསྟེན། འདུལ་བ། ཚད་མ། ཕར་ཕྱིན། སྤྱོད་འཇུག། སྡོམ་གསུམ་ སོགས་དང། ཁྱད་པར་གསུང་ངག་ལམ་འབྲས་ཚར་གསུམ་སོགས་གསན། གྲུབ་ཆེན་དཀོན་མཆོག་ལྷུན་གྲུབ་ལས་ལམ་འབྲས་ཚར་ དྲུག་སོགས་ཆོས་དུ་མ་གསན། གཞན་ཡང་རྗེ་དཀོན་མཆོག་འཕེལ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། ཐུགས་དམ་ཀྱང་ལམ་འབྲས་རྣལ་འབྱོར་ལ་ཐུན་བཞིའི་སྒོ་ནས་ཉམས་བཞེས་མཛད།མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་བརྙེས། 

དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་དགུ་པའི་ཆུ་བྱ་ལོར་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་སའི་ཁྲིར་འཁོད། གཞན་ཡང་མུས་ཀྱི་དགོན་པ་གོང་འོག་དང་། ནཱ་ལེནྡྲ། ལོ་དགོན་པ་སོགས་དབུས་གཙང་གི་ དགོན་པ་མང་པོར་ཕྲིན་ལས་བསྐྱངས། སྔ་ཕྱིར་ལམ་འབྲས་ཚར་ལྔ་བཅུ་ང་གཅིག་སོགས་དམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར།

སློབ་མ་ཡང་སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང། གསེར་མདོག་གི་གདན་ས་ཆོས་རྗེ་ཀུན་དགའ་རྒྱལ་མཚན། ཐུབ་ བསྟན་ཡངས་པ་ཅན་གྱི་གདན་ས་པ་ཆོས་རྗེ་ཐུགས་རྗེ་དཔལ་བཟང། གསང་ཕུ་དང། ཨེ་ཝཾ་པའི་གདན་ས་པ་ཆོས་རྗེ་ལྷ་མཆོག་སེང་གེ་ སོགས་མཁས་གྲུབ་དུ་མ་བྱོན། གསུང་རྩོམ་ཡང་རྣམ་ཐར་དང། རྣམ་བཤད། ཁྲིད་ཡིག་སོགས་ཆོས་ཚན་བཞི་བཅུ་ལྷག་མཛད། དགུང་ ལོ་དྲུག་ཅུ་རེ་བཞི་པར་རབ་བྱུང་དགུ་པའི་མེ་བྱི་ལོར་རྗེ་ལྷ་མཆོག་སེང་གེ་ལ་ངོར་གྱི་གདན་ས་གཏད། དགུང་ལོ་བདུན་ཅུ་དོན་གཉིས་ པ་ཤིང་སྤྲེལ། ཕྱི་ལོ་ ༡༥༢༤ ལོར་བདེ་བར་གཤེགས།