གདན་རབས་རིམ་བྱོན།

ཁང་གསར་མཁན་རིན་པོ་ཆེ་ངག་དབང་ཡོན་ཏན་རྒྱ་མཚོ།

ཁོང་ནི་སྒ་སྟོད་དུང་འཁོར་ཞེས་པའི་གྲོང་ལ་ཁ་ཚང་ཞེས་པའི་ཁྱིམ་དུ་ཡབ་ཀར་དགའ་དང་། ཡུམ་སྒྲོན་ལྷ་དབང་མོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། ཁང་གསར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་དང་བཅས་ཁང་གསར་བླ་བྲང་དུ་ ཞབས་དྲུང་གི་མཚན་གསོལ། མཁན་ཆེན་དམ་པ་རྡོ་རྗེ་འཆང་གི་མདུན་ནས་གསུང་ངག་ལམ་འབྲས་ཀྱིས་གཙོས་དབང་རྒྱུད་མན་ངག་ མཐའ་ཡས་པ་དང། བྱང་སྡོམ།

ཁང་གསར་མཁན་རིན་པོ་ཆེ་ངག་དབང་ཡོན་ཏན་རྒྱ་མཚོ།

ཁོང་ནི་སྒ་སྟོད་དུང་འཁོར་ཞེས་པའི་གྲོང་ལ་ཁ་ཚང་ཞེས་པའི་ཁྱིམ་དུ་ཡབ་ཀར་དགའ་དང་། ཡུམ་སྒྲོན་ལྷ་དབང་མོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། ཁང་གསར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་དང་བཅས་ཁང་གསར་བླ་བྲང་དུ་ ཞབས་དྲུང་གི་མཚན་གསོལ། མཁན་ཆེན་དམ་པ་རྡོ་རྗེ་འཆང་གི་མདུན་ནས་གསུང་ངག་ལམ་འབྲས་ཀྱིས་གཙོས་དབང་རྒྱུད་མན་ངག་ མཐའ་ཡས་པ་དང། བྱང་སྡོམ། སོར་སྡོམ་སོགས་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད། ཁུ་བོ་རྣམ་གཉིས་ཀྱིས་ དབུས་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་རྒྱུད་རིག་གནས་དང་བཅས་པའི་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། ལྷག་ལྷ་དུ་མའི་བསྙེན་ པ་མཐར་ཕྱིན། ངོར་ཨེ་ཝཾ་པ་ཆེན་པོའི་རྒྱལ་ཚབ་ཏུ་མཁན་ཁྲི་ལོ་གསུམ་གནང་། གསུང་ངག་ལམ་འབྲས་ཀྱིས་གཙོས་སྡོམ་པ་གསུམ་གྱི་ སྒོ་ནས་གདུལ་བྱ་དུ་མ་སྨིན་གྲོལ་དུ་བཀོད། མཁན་ཁྲི་གྲུབ་པ་དང་འབྲུག་རྒྱལ་པོའི་དབུའི་མཆོད་གནས་སུ་ཕེབས། རྒྱལ་པོ་འཁོར་ བཅས་ཀྱིས་གཙུག་གི་ནོར་བུར་བསྟེན། མཛད་ཕྲིན་མཐའ་ཡས་པ་བྱུང་བས་འབྲུག་པ་མཁན་རིན་པོ་ཆེ་ཞེས་མཚན་ཐོག།མདོ་ཁམས་ ཕྱོགས་སུ་རྒྱུན་རིང་བཞུགས་ཏེ་བསྟན་འགྲོའི་དོན་རླབས་པོ་ཆེ་བསྐྱངས། ངོར་ཨེ་ཝཾ་དུ་གསེར་དངུལ་བཀྲ་མའི་རྣམ་རྒྱལ་མཆོད་རྟེན་ ཐོག་ཚད་ཅན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་བཞེངས་པ་སོགས་བསྟན་འགྲོའི་དོན་མཛད། ཞིང་དང་གདུལ་བྱ་གཞན་ལ་ཐུགས་ བརྩེ་བས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)