གདན་རབས་རིམ་བྱོན།

ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་གླང་། ཕྱི་ལོ་ ༡༩༡༣ ལོར་གཙང་སྟོད་ཉང་གཞུང་དཔལ་རྣམ་ཞེས་པར་ཡབ་ཨ་ཁུ་ཕུར་དོན་དང། ཡུམ་སྤེན་པ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་པར་ངོར་ཨེ་ཝཾ་དུ་ཕེབས། མཁན་ཆེན་ངག་དབང་མཁྱེན་རབ་ འཇམ་དཔལ་སྙིང་པོའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་དང་།

ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཆུ་གླང་། ཕྱི་ལོ་ ༡༩༡༣ ལོར་གཙང་སྟོད་ཉང་གཞུང་དཔལ་རྣམ་ཞེས་པར་ཡབ་ཨ་ཁུ་ཕུར་དོན་དང། ཡུམ་སྤེན་པ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བདུན་པར་ངོར་ཨེ་ཝཾ་དུ་ཕེབས། མཁན་ཆེན་ངག་དབང་མཁྱེན་རབ་ འཇམ་དཔལ་སྙིང་པོའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་དང་། དབང་ལུང་མང་པོ་ཞུས། མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་ སྙིང་པོ་ལས་དགེ་ཚུལ་སློང་དང། བྱང་སྡོམ། གསུང་ངག་ལམ་འབྲས་སོགས་དུ་མ་གསན། དགུང་ལོ་ཉེར་ལྔ་པར་མཁན་ཆེན་རྣམ་ གཉིས་ནས་ཁང་གསར་མཁན་ཆེན་ངག་བློ་གྲོས་སྙིང་པོའི་སྤྲུལ་སྐུར་ངོས་འཛིན། ཞབས་དྲུང་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་ པོ་ཞེས་མཚན་གསོལ། མཁན་ཆེན་དེ་དག་དང། རྟ་ནག་མཁན་ཆེན་ངག་གི་དབང་ཕྱུག། ནཱ་ལེནྡྲའི་བླ་མ་ངག་བློ་རིན་པོ་ཆེ། མཁན་ ཆེན་སངས་རྒྱས་བསྟན་འཛིན། སྡེ་གཞུང་མཁན་ཆེན་ཆོས་འཕེལ་སོགས་མཁས་གྲུབ་དུ་མ་བསྟེན། མདོ་སྔགས་གཞུང་ལུགས་རིག་ གནས་དང་བཅས་པར་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། རྒྱུད་སྡེ་ཁག་གི་བསྙེན་སྒྲུབ་མཐར་ཕྱིན། དགུང་ལོ་སོ་གསུམ་པར་རྒྱལ་བ་ རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་མཁན་ཁྲིར་ཕེབས། གསུང་ངག་ལམ་འབྲས་གཙོས་སྡོམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་དུ་མ་སྨིན་གྲོལ་ལ་ བཀོད། དེ་ནས་ཁམས་ཕྱོགས་སུ་ཕེབས་ཏེ་སྒ་སྟོད། ཏྲེ་ཧོར། སྡེ་དགེ། ལི་ཐང་། ཁྲོམ་རྡོ་ཁོག་སོགས་མདོ་སྨད་གང་སར་བསྟན་འགྲོའི་ དོན་མཛད། དེ་ནས་ཨེ་ཝཾ་ཆོས་ལྡན་དུ་ཕེབས། སླར་ཡང་དགུང་ལོ་ཞེ་དྲུག་མེ་བྱ་ལོར་རྒྱལ་བ་ཨེ་ཝཾ་པ་ཆེན་པོའི་ཆོས་ཁྲིར་ཕེབས། ལོ་ གཉིས་གདན་སར་བཞུགས་ཏེ་གསུང་ངག་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་སྒོ་ནས་འཕྲིན་ལས་བསྐྱངས། ས་ཕག་ལོར་དུས་འགྱུར་ བྱུང་བ་དང་རྒྱ་གར་དུ་ཕེབས། སྒང་ཏོག་དང། རྡོར་གླིང། སྤི་ཏི་སྟེང་རྒྱུད་དགོན་སོགས་སུ་བྱོན་ནས་གསུང་ངག་ལམ་འབྲས་སོགས་ ཆོས་ཀྱི་འཁོར་དུ་མ་བསྐོར། ས་རྟ་ལོར་དཱེཧརཱདཱུན་མངའ་ཁོངས་མན་ཌུ་ཝ་ལར་ངོར་མ་དགོན་དང་ཁང་གསར་བླ་བྲང་གསར་བཞེངས་ ཀྱི་ཐུགས་འགན་གཙོ་བོར་བཞེས། ཁྱད་པར་དུ་དགུང་ལོ་རེ་བཞི་པར་སྤྱི་ཏི་དཀར་མཛེས་དགོན་སར་དགོན་རྟེན་དང་བརྟེན་པར་ བཅས་གསར་བཞེངས་མཛད། ལམ་འབྲས་སློབ་བཤད་སོགས་སྨིན་གྲོལ་གྱི་གདམས་པ་དུ་མ་སྩལ། མེ་ཡོས་ལོར་བོད་དུ་ཕེབས་ཏེ་ཐོག་ མར་མདོ་ཁམས་སྟོད་སྨད་དང་། དབུས་གཙང་གྱི་དགོན་དུ་མར་གསུང་ངག་ལམ་འབྲས་སོགས་ཆོས་བཀའ་མང་པོ་དང། དགེ་ཚུལ་ སློང་གི་སྡོམ་པ་གནང་སྟེ་བསྟན་པའི་མེ་རོ་སླར་ཡང་གསོ་བར་མཛད། ཁྱད་པར་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་རྙིང་པའི་རྟེན་དང་ བརྟེན་པར་བཅས་པ་དང། ཁང་གསར་བླ་བྲང་སོགས་ཉམས་གསོལ་མཐར་ཕྱིན་པར་མཛད། མཐར་དགུང་ལོ་བདུན་ཅུ་དོན་དྲུག་པ་ རབ་བྱུང་བཅུ་བདུན་པའི་ས་འབྲུག ཕྱི་ལོ་ ༡༩༨༨ ལོར་ཨེ་ཝཾ་དུ་བདེ་བར་གཤེགས།