གདན་རབས་རིམ་བྱོན།

ཁང་གསར་མཁན་པོ་ངག་དབང་བློ་གྲོས་བསྟན་འཛིན།

ཁོང་ནི་རབ་བྱུང་བཅུ་བཞི་པའི་འགོ་དང་དུས་རབས་བཅུ་དགུ་པའི་སྟོད་ཙམ་དུ་མཁན་ཆེན་ངག་དབང་བློ་གྲོས་བཟང་པོའི་དབོན་ རིགས་སུ་སྐུ་བལྟམས། སྐུ་ན་ཆུང་ངུའི་དུས་ནས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཐོས་བསམ་གནང་ཞིང་ཕུན་ཚོགས་ཁང་གསར་ ཞབས་དྲུང་གི་གོ་སར་བཞུགས། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དང།

ཁང་གསར་མཁན་པོ་ངག་དབང་བློ་གྲོས་བསྟན་འཛིན།

ཁོང་ནི་རབ་བྱུང་བཅུ་བཞི་པའི་འགོ་དང་དུས་རབས་བཅུ་དགུ་པའི་སྟོད་ཙམ་དུ་མཁན་ཆེན་ངག་དབང་བློ་གྲོས་བཟང་པོའི་དབོན་ རིགས་སུ་སྐུ་བལྟམས། སྐུ་ན་ཆུང་ངུའི་དུས་ནས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཐོས་བསམ་གནང་ཞིང་ཕུན་ཚོགས་ཁང་གསར་ ཞབས་དྲུང་གི་གོ་སར་བཞུགས། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དང། མཁས་གྲུབ་ངག་དབང་བློ་གྲོས་བཟང་པོ། ཡོངས་འཛིན་པཎྜི་ཏ། བྱམས་པ་དཔལ་ལྡན་བཟང་པོ་སོགས་རྩ་བའི་རིགས་བདག་ཏུ་བསྟེན་ནས་སྡོམ་གསུམ་དང་། ལམ་འབྲས་ཆེ་ ཆུང་གིས་གཙོས་ཡབ་ཆོས་རྒྱ་མཚོ་ལྟ་བུར་གསན་བསམ་མཐར་སོན་པར་གནང། ཀྱེ་རྡོར་བཞི་བསྙེན་སོགས་སྒྲུབ་པའི་རྒྱལ་མཚན་ མཐོན་པར་བསྒྲེངས། རྣལ་འབྱོར་འཇམ་དཔལ་བཟང་པོའི་བཀའི་ཅོད་པན་གཙུག་ཏུ་མཆོད་ནས། རབ་བྱུང་བཅུ་བཞིའི་ཆུ་སྟག་ལོར་ རྒྱལ་བ་རྡོ་རྗེ་འཆང་གི་ཆོས་ཁྲིར་ཕེབས། གསུང་ངག་ལམ་འབྲས་སོགས་ཀྱིས་མཚོན་དབང་དང། ལུང་། ཁྲིད་མན་ངག་སོགས་དུ་མ་ སྩལ། སློབ་མ་ཡང་འཇམ་མགོན་ངག་དབང་ལེགས་གྲུབ། དཔོན་སློབ་ངག་དབང་དགེ་ལེགས། འཇམ་དབྱངས་ཤེས་རབ་རྒྱ་མཚོ་ སོགས་སློབ་ཚོགས་དུ་མ་བསྐྲུན། མདོར་ན་དམ་པ་འདི་ཉིད་ཀྱིས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་རྒྱལ་བསྟན་དར་རྒྱས་ མཛད། (འཁྲུངས་འདས་ཀྱི་ལོ་ཚིགས་མ་ངེས།)