གདན་རབས་རིམ་བྱོན།

མཁས་གྲུབ་ཀུན་དགའ་བསོད་ནམས།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་དཀྱིལ་དང་དུས་རབ་བཅོ་བརྒྱད་པའི་དཀྱིལ་སྟོད་ཙམ་དུ་ཁམས་བྲག་མགོ་རྟ་དམར་ཞེས་པར་ཡ་ རབས་དྲྭ་མའི་རིགས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། རྒྱུད་ཆུང་བཞི་དང། ཀུན་ཏུ་དགོས་ པའི་གཞུང་བདུན་སོགས་སྦྱངས་པ་མཐར་ཕྱིན།

མཁས་གྲུབ་ཀུན་དགའ་བསོད་ནམས།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་དཀྱིལ་དང་དུས་རབ་བཅོ་བརྒྱད་པའི་དཀྱིལ་སྟོད་ཙམ་དུ་ཁམས་བྲག་མགོ་རྟ་དམར་ཞེས་པར་ཡ་ རབས་དྲྭ་མའི་རིགས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། རྒྱུད་ཆུང་བཞི་དང། ཀུན་ཏུ་དགོས་ པའི་གཞུང་བདུན་སོགས་སྦྱངས་པ་མཐར་ཕྱིན། འཇམ་དབྱངས་དཀོན་མཆོག་གྲགས་པ་དང། ངག་དབང་ཆོས་སྐྱོང་བཟང་པོ། མཁས་ གྲུབ་སངས་རྒྱས་གྲགས་པ་སོགས་ལ་བསྟེན་ནས་རབ་འབྱམས་སྡེ་སྣོད་ཀྱི་ཉིང་ཁུ་སོ་བྱང་སྔགས་གསུམ་དང། གསུང་ངག་རིན་པོ་ཆེ་ སོགས་ཟབ་ཁྲིད་དུ་མ། དགྱེས་པ་རྡོ་རྗེ་བཀའ་བབས་བཞི་སོགས་ལ་ཐོས་བསམ་སྒོམ་པ་མཐར་སོན་པར་གནང། ངག་དབང་ཕུན་ ཚོགས་དོན་གྲུབ་ཀྱི་གདན་ཚབ་ཏུ་འོག་མིན་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་ཁྲིར་མངའ་གསོལ། སྡོམ་གསུམ་དང། དགེས་པ་རྡོ་རྗེའི་ཟབ་ ཁྲིད། གསུང་ངག་ལམ་འབྲས་སོགས་དུ་མ་སྩལ། སློབ་མ་ཡང་མཁས་གྲུབ་ངག་དབང་དམ་ཆོས་དང། མཁན་ཆེན་བསོད་ནམས་ དཔལ་འབྱོར་སོགས་སློབ་ཚོགས་དུ་མ་བསྐྲུན། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས)