གདན་རབས་རིམ་བྱོན།

མཁས་གྲུབ་དཔལ་ལྡན་ཆོས་སྐྱོང།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་རྟ། ཕྱི་ལོ་ ༡༧༠༢ ལོར་ངོར་ཨེ་ཝཾ་གྱི་བྱ་འདབས་སུ་ཡབ་ཀུན་དགའ་རྡོ་རྗེ་དང། ཡུམ་བུ་ཁྲིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་རྡོ་རྗེ་ཕུན་ཚོགས་སུ་གསོལ། དགུང་ལོ་བདུན་པར་ཁུ་བོ་བསྟན་འཛིན་ལྷུན་གྲུབ་ལ་གཙུག་ཕུད་ ཕུལ་ནས་མཚན་དཔལ་ལྡན་ཆོས་སྐྱོང་ཞེས་གསོལ།

མཁས་གྲུབ་དཔལ་ལྡན་ཆོས་སྐྱོང།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་རྟ། ཕྱི་ལོ་ ༡༧༠༢ ལོར་ངོར་ཨེ་ཝཾ་གྱི་བྱ་འདབས་སུ་ཡབ་ཀུན་དགའ་རྡོ་རྗེ་དང། ཡུམ་བུ་ཁྲིད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་རྡོ་རྗེ་ཕུན་ཚོགས་སུ་གསོལ། དགུང་ལོ་བདུན་པར་ཁུ་བོ་བསྟན་འཛིན་ལྷུན་གྲུབ་ལ་གཙུག་ཕུད་ ཕུལ་ནས་མཚན་དཔལ་ལྡན་ཆོས་སྐྱོང་ཞེས་གསོལ། ལོ་དེར་མཁན་པོ་བྱམས་པ་ཚུལ་ཁྲིམས་དཔལ་བཟང་དང། མཚུངས་མེད་བསོད་ ནམས་དཔལ་ལྡན་སོགས་ལས་དགེ་ཚུལ་ནོས། བརྟག་གཉིས་དང་སྡོམ་གསུམ་སོགས་ལ་ཐོས་བསམ་གནང། རྗེ་བཙུན་བསོད་ནམས་ དཔལ་ལྡན་ལས་ལམ་འབྲས་བུ་དང་བཅས་གདམས་ངག་དང། བདེ་འཇིགས་ཕུར་གསུམ་སོགས་དུ་མ་གསན། དགུང་ལོ་བཅུ་དགུ་ པར་མཁན་ཆེན་བསོད་ནམས་བཟང་པོ་དང། འདུལ་འཛིན་བློ་གྲོས་ཕུན་ཚོགས་སོགས་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་ དང། གཞན་ཡང་བློ་བཟང་སྐལ་བཟང་རྒྱ་མཚོ། དགའ་ལྡན་ཁྲི་རིན་པོ་ཆེ་རབ་འབྱམས་པ་བྱམས་པ། ཀུན་དགའ་བཀྲིས། ཀུན་དགའ་ བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། མཐུ་སྟོབས་དབང་ཕྱུག། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཀརྨ་པ་ཞྭ་དམར་ནག། འབྲི་གུང་ཞབས་དྲུང་རིན་པོ་ཆེ། འབྲུག་པ་ཐམས་ཅད་མཁྱེན་པ། རིག་འཛིན་སྨིན་གྲོལ་གླིང་པ། རྫོགས་ཆེན་སྤྲུལ་སྐུ་སོགས་དམ་པ་ བཅུ་ཕྲག་གཉིས་ལས་མདོ་སྔགས་རབ་འབྱམས་ལ་གསན་བསམ་གནང་། ཡི་དམ་མང་པོའི་བསྙེན་སྒྲུབ་མཛད། དགུང་ལོ་ཉེར་ལྔ་ནས་ ཉེར་བརྒྱད་བར་ངོར་ཨེ་ཝཾ་ཏུ་དགེ་འདུན་པར་ཞབས་ཏོག་དང། ཆོས་ཀྱི་སྦྱིན་པ་མཛད། ས་བྱ་ལོར་ཁམས་ཐར་ལམ་སྒར་དུ་ཕེབས་ལོ་ གསུམ་རིང་བསྟན་དོན་མཛད། དགུང་ལོ་སོ་གཅིག་པ་ཆུ་གླང་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཁྲིར་མངའ་གསོལ། གསུང་ངག་ལམ་ འབྲས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། དགུང་ལོ་སོ་བརྒྱད་པར་མཁན་པོ་བྱམས་པ་བསོད་ནམས་བཟང་པོ་གདན་ཚབ་ ཏུ་མངའ་གསོལ་ཏེ། སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས། ལོ་བཅོ་ལྔའི་རིང་སྡེ་དགེ་སོགས་བོད་ཆེན་པོའི་ལྗོངས་སུ་བསྟན་འགྲོའི་དོན་ མཛད། གསུང་རྩོམ་ཡང། རང་རྣམ་སོགས་པོད་གཉིས་བཞུགས། མཐར་དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག ཕྱི་ལོ་ ༡༧༦༠ ལོར་བདེ་བར་གཤེགས།