གདན་རབས་རིམ་བྱོན།

མཁས་གྲུབ་སངས་རྒྱས་དཔལ་བཟང།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཡོས། ཕྱི་ལོ་ ༡༦༩༩ ལོར་མདོ་ཁམས་ལྡན་གྱི་བྱ་ར་(གོ་འཇོ)ཞེས་བྱ་བར་ཡབ་ཨ་མྱེ་ཐུགས་རྗེ་ སྐྱབས་དང། ཡུམ་བཀྲིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་རྡོ་རྗེ་གྲོ་ལོད་རྩལ་དུ་གསོལ། ཆུང་ངུའི་དུས་ནས་བླ་མ་འཇམ་ དབྱངས་བསྟན་པའི་ཉི་མའི་དྲུང་དུ་རབ་ཏུ་བྱུང་།

མཁས་གྲུབ་སངས་རྒྱས་དཔལ་བཟང།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཡོས། ཕྱི་ལོ་ ༡༦༩༩ ལོར་མདོ་ཁམས་ལྡན་གྱི་བྱ་ར་(གོ་འཇོ)ཞེས་བྱ་བར་ཡབ་ཨ་མྱེ་ཐུགས་རྗེ་ སྐྱབས་དང། ཡུམ་བཀྲིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་རྡོ་རྗེ་གྲོ་ལོད་རྩལ་དུ་གསོལ། ཆུང་ངུའི་དུས་ནས་བླ་མ་འཇམ་ དབྱངས་བསྟན་པའི་ཉི་མའི་དྲུང་དུ་རབ་ཏུ་བྱུང་། གཏེར་སྟོན་རོལ་པའི་རྡོ་རྗེ་དང། ལྡན་མ་སྒོམ་ཆེན་ཀུན་དགའ་བསྟན་འཛིན་དང། མི་ཉག་བླ་ཆེན་ཀུན་དགའ་དཔལ་འབྱོར་སོགས་ལས་གསན་བསམ་གནང། དེ་ནས་ཨེ་ཝཾ་དུ་ཕེབས། དགུང་ལོ་ཉེར་གཅིག་པར་མཁན་པོ་ བྱམས་པ་བསོད་ནམས་བཟང་པོ་ལས་བསྙེན་རྫོགས་མཛད། མཁན་པོ་དེ་ཉིད་དང། མཁན་ཆེན་བཀྲིས་ལྷུན་གྲུབ། ཐར་རྩེ་ནམ་མཁའ་ བསམ་འགྲུབ། ཀུན་དགའ་བསོད་ནམས་རིན་ཆེན། བསྟན་འཛིན་ལྷུན་གྲུབ། གྲུབ་དབང་སངས་རྒྱས་བསྟན་པ། གློ་བོ་དགེ་བཤེས་ བསོད་ནམས་འགྲམ་ནག། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ལས་ལམ་འབྲས་སོགས་གཞུང་ ལུགས་མང་པོ་གསན། ས་སྐྱར་དྲུང་ཡིག་ཀུན་དགའ་སངས་རྒྱས་མདུན་ནས་སྒྲ་བསླབས་པས་ལྡན་མ་སྒྲ་པ་ཞེས་གྲགས། ལྡན་ས་དཀར་ དང་། སྡེ་དགེ་སོགས་སུ་ལོ་མང་རིང་བསྟན་དོན་མཛད། ཤིང་སྟག་ལོར་དཔལ་ཨེ་ཝཾ་དུ་སླར་ཕེབས་ཏེ་གསན་བསམ་གནང་། མུས་གླེ་ ལུང་དུ་མུས་ཆེན་རྒྱལ་མཚན་དཔལ་བའི་གདན་ཁྲིར་མངའ་གསོལ། གསུང་ངག་ལམ་འབྲས་སོགས་འཆད་སྤེལ་གནང། ལྕགས་སྤྲེལ་ ལོར་ཨེ་ཝཾ་ཆོས་ལྡན་པའི་ཆོས་ཁྲིར་མངའ་གསོལ། གསུང་ངག་རིན་པོ་ཆེ་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། མཁན་ཆེན་ བསོད་ནམས་ལྷུན་གྲུབ། ཤར་ཆེན་མི་འགྱུར་རྒྱལ་མཚན། འཇམ་མགོན་སངས་རྒྱས་ཡེ་ཤེས། སྨྲ་བའི་སེངྒེ་ཚུལ་ཁྲིམས་རིན་ཆེན་སོགས་ སྐལ་ལྡན་སློབ་ཚོགས་དུ་མ་བྱོན། ཁམས་སྡེ་དགེའི་ཕྱོགས་སུ་ཕེབས་ཏེ་ཆོས་རྒྱལ་བསྟན་པ་ཚེ་རིང་དང་མཆོད་ཡོན་དུ་འབྲེལ། ཉིད་ཀྱི་ གདན་ཚབ་ཏུ་མཁན་ཆེན་བསོད་ནམས་ལྷུན་གྲུབ་མངའ་གསོལ། མཐར་དགུང་ལོ་ཞེ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་། ཕྱི་ལོ་ ༡༧༤༥ ལོར་བདེ་བར་གཤེགས།