གདན་རབས་རིམ་བྱོན།

མཁན་ཆེན་(འཇམ་མགོན)་ལྷུན་གྲུབ་དཔལ་ལྡན།

ཁོང་ནི་རབ་བྱུང་བཅུ་པའི་ཤིང་བྱི། ཕྱི་ལོ་ ༡༦༢༤ ལོར་མདོ་ཁམས་ཤར་མི་ཉག་འདུན་པར་ཡབ་རྡོ་རྗེ་ཐར་དང། ཡུམ་རྒྱ་ཟག་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། མཚན་དཀོན་མཆོག་བཀྲིས་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེའི་ཕྱི་མོ་ནས་བརྩམས་ཏེ་འདོན་ཆོས་སྤྱོད།

མཁན་ཆེན་(འཇམ་མགོན)་ལྷུན་གྲུབ་དཔལ་ལྡན།

ཁོང་ནི་རབ་བྱུང་བཅུ་པའི་ཤིང་བྱི། ཕྱི་ལོ་ ༡༦༢༤ ལོར་མདོ་ཁམས་ཤར་མི་ཉག་འདུན་པར་ཡབ་རྡོ་རྗེ་ཐར་དང། ཡུམ་རྒྱ་ཟག་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། མཚན་དཀོན་མཆོག་བཀྲིས་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེའི་ཕྱི་མོ་ནས་བརྩམས་ཏེ་འདོན་ཆོས་སྤྱོད། མངོན་རྟོགས་རྒྱན་སོགས་གཞུང་ཆེན་དུ་མ་ཐུགས་སུ་ཆུད། དགུང་ལོ་ཉེར་བཞི་པར་ཨེ་ཝཾ་དུ་བྱོན་ཏེ་རྗེ་ཤེས་རབ་འབྱུང་གནས་ལས་ སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། མཚན་ལྷུན་གྲུབ་དཔལ་ལྡན་དུ་གསོལ། ཤར་ཆེན་ཉིད་དང། ས་སྐྱ་ཞབས་དྲུང་ཨ་མི་ལགས་ཡས་ སྲས། མཁན་ཆེན་བསོད་ནམས་རྒྱ་མཚོ་སོགས་ལས་ལོ་རེར་ལམ་འབྲས་ཚར་ལྔས་གཙོས་གསན་བསམ་དཔག་ཏུ་མེད་པར་གནང། དགུང་ལོ་སོ་བདུན་པར་ངོར་གྱི་དབུ་མཛད་དང་ཟུར་ཆེན་མཛད། དགུང་ལོ་ལྔ་བཅུ་པ་ཆུ་མོ་གླང་གི་ལོར་ངོར་ཆེན་ཀུན་དགའ་བཟང་ པོའི་ཆོས་ཀྱི་ཁྲིར་འཁོད་དེ་གསུང་ངག་ལམ་འབྲས་ཚར་བཅོ་ལྔས་མཚོན་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། སློབ་མ་ཡང་ས་སྐྱ་པ་ ངག་དབང་བསོད་ནམས་དབང་ཕྱུག་ཡབ་སྲས་གཉིས། བདག་ཆེན་ཀུན་དགའ་བཀྲིས། ཤར་ཆེན་སངས་རྒྱས་བསྟན་འཛིན། ངོར་གྱི་ གདན་ས་པ་རྣམས་དང། ཐུབ་བསྟན་སྒོ་གཉིས། སྐྱེད་ཚལ་གོང་འོག་སོགས་སུ་སློབ་ཚོགས་དུ་མ་བསྐྲུན། གསུང་རྩོམ་ཡང་། རྣམ་ཐར་ དང། བསྟོད་པ་སོགས་ཆོས་ཚན་ཁག་ཅིག་བརྩམས། དགུང་ལོ་རེ་གསུམ་པར་གདན་ས་འཇམ་མགོན་སངས་རྒྱས་ཕུན་ཚོགས་ལ་ གཏད་དེ་སྒྲུབ་པ་མཛད། མཐར་དགུང་ལོ་དོན་བཞི་པ་རབ་བྱུང་བཅུ་གཉིས་པའི་མེ་གླང་། ཕྱི་ལོ་ ༡༦༩༧ ལོར་དཔལ་ཨེ་ཝཾ་ཕན་བདེ་ ཁང་དུ་གཤེགས།