མཁན་ཆེན་ནམ་མཁའ་རིན་ཆེན།
ཁོང་ནི་རབ་བྱུང་བཅུ་པའི་ཆུ་བྱི། ཕྱི་ལོ་ ༡༦༡༢ ལོར་ཤབ་སྟོད་རྗེ་ལུང་དུ་བྲང་ཏི་ནམ་མཁའ་སངས་རྒྱས་ཀྱི་སྐུ་དབོན་དུ་འཁྲུངས། སྐུ་ ཆུང་ངུའི་དུས་ངོར་ཐར་རྩེར་བྱོན། ཁུ་བོ་ནམ་མཁའ་སངས་རྒྱས་དང། ཤར་ཆེན་ཤེས་རབ་འབྱུང་གནས་སོགས་ལས་གསན་སྦྱོང་མཐར་ ཕྱིན་པར་མཛད། ཚུལ་ཁྲིམས་གཙང་ཞིང་དངོས་པོར་ཆགས་འཛིན་མི་མངའ། མངོན་པར་ཤེས་པ་དང་ལྡན། སྦྲུལ་ལོར་(རྟ་ལོར)་རྡོ་རྗེ་ འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཆོས་ཁྲིར་མངའ་གསོལ། འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་ དང་བཅས་པའི་གདམས་ངག་སོགས་ཆོས་ཀྱི་འཁོར་ལོ་བར་དུ་མེད་དུ་བསྐོར་ཏེ་རྗེ་བཙུན་ཨེ་ཝྃ་པའི་འཕྲིན་ལས་བསྐྱངས། མདོར་ན་ དམ་པ་གང་ཉིད་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད་ནས་གདུལ་བྱ་དུ་མ་སྨིན་གྲོལ་ལ་ བཀོད། མཐར་དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་གཅིག་པའི་མེ་བྱ། ཕྱི་ལོ་ ༡༦༥༧ ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་གསུམ་ལ་ལྷོ་ བོད་མཚམས་སུ་སྐུ་གཤེགས།

