གདན་རབས་རིམ་བྱོན།

མཁན་ཆེན་ངག་དབང་བློ་གྲོས་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་སྨད་དང་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ཁང་གསར་མཁན་རིན་པོ་ཆེ་ངག་དབང་ ཆོས་སྐྱོང་བཟང་པོའི་དབོན་རིགས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཞབས་དྲུང་གི་བསླབ་སྦྱང་ རིགས་དཔྱིས་ཕྱིན་པ་མཛད། བྱམས་པ་ནམ་མཁའ་འཆི་མེད། མཁས་གྲུབ་ངག་དབང་དམ་ཆོས།

མཁན་ཆེན་ངག་དབང་བློ་གྲོས་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་སྨད་དང་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ཁང་གསར་མཁན་རིན་པོ་ཆེ་ངག་དབང་ ཆོས་སྐྱོང་བཟང་པོའི་དབོན་རིགས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས། ཞབས་དྲུང་གི་བསླབ་སྦྱང་ རིགས་དཔྱིས་ཕྱིན་པ་མཛད། བྱམས་པ་ནམ་མཁའ་འཆི་མེད། མཁས་གྲུབ་ངག་དབང་དམ་ཆོས། བྱམས་པ་བསོད་ནམས་དཔལ་ འབྱོར་སོགས་མཁས་གྲུབ་དུ་མར་བསྟེན་ནས་སྡོམ་གསུམ་ནོས། གསུང་ངག་ལམ་འབྲས་ཀྱིས་མཚོན་རྒྱུད་སྡེ་བཞི་དང་འབྲེལ་བའི་ གཞུང་ལུགས་རབ་འབྱམས་ལ་གསན་བསམ་སྒོམ་པར་མཐར་སོན་གནང། དགུང་ལོ་ཞེ་དྲུག་པ་ལྕགས་མོ་སྦྲུལ་གྱི་ལོར་མཁན་ཆེན་ བྱམས་པ་ཀུན་དགའ་བསྟན་འཛིན་གྱི་གདན་ཚབ་ཏུ་ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲིར་མངའ་གསོལ། འཇིགས་བྲལ་རྣལ་འབྱོར་ དབང་ཕྱུག་གི་བཞེད་སྲོལ་གསུང་ངག་རིན་པོ་ཆེས་མཚོན་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་དགོངས་དོན་དབང་ལུང་ཁྲིད་དུ་མ་སྩལ། སློབ་མ་ཡང་། ངག་དབང་བློ་གྲོས་བསྟན་འཛིན། ཆོས་རྗེ་རིན་ཆེན་ལྷུན་གྲུབ། བཤེས་གཉེན་ངག་དབང་བསྟན་པ་སོགས་དབུས་གཙང་ ཁམས་གསུམ་དུ་སློབ་ཚོགས་དུ་མ་བསྐྲུན་པ་སོགས་ཕྲིན་ལས་ས་གསུམ་ལ་ཁྱབ་པར་གྱུར། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)