གདན་རབས་རིམ་བྱོན།

མཁན་ཆེན་ཤེས་བྱ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་གླང་། ཕྱི་ལོ་ ༡༦༦༡ ལོར་ཤབ་སྟོད་རྗེ་ལུང་རྒྱ་མཚོ་གླིང་དུ་ཡབ་ཨུ་རྒྱན་དང། ཡུམ་བྲང་ ཏིའི་དབོན་རིགས་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་སྐུ་ཞང་ཤེས་རབ་རྒྱ་མཚོས་ཐར་རྩེར་བླངས། གཞུང་དོན་བཞི་སོགས་ལ་ཐོས་བསམ་མཐར་ཕྱིན་པར་གནང།

མཁན་ཆེན་ཤེས་བྱ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་གླང་། ཕྱི་ལོ་ ༡༦༦༡ ལོར་ཤབ་སྟོད་རྗེ་ལུང་རྒྱ་མཚོ་གླིང་དུ་ཡབ་ཨུ་རྒྱན་དང། ཡུམ་བྲང་ ཏིའི་དབོན་རིགས་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་སྐུ་ཞང་ཤེས་རབ་རྒྱ་མཚོས་ཐར་རྩེར་བླངས། གཞུང་དོན་བཞི་སོགས་ལ་ཐོས་བསམ་མཐར་ཕྱིན་པར་གནང། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང། སློབ་དཔོན་ཡེ་ཤེས་བཟང་པོ་ སོགས་ལས་བསླབ་ཚིགས་རྣམས་རིམ་གྱིས་ནོས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང། མཁས་གྲུབ་སངས་རྒྱས་ཕུན་ཚོགས་སོགས་ ལས་གསུང་ངག་ལམ་འབྲས་སོགས་དམ་པའི་ཆོས་མཐའ་ཡས་པར་གསན། བསྙེན་སྒྲུབ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་གསུམ་ པ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོར་མདོ་ཁམས་སྒ་སྟོད་དུ་འབུལ་སྡུད་ལ་བྱོན། དགུང་ལོ་སོ་ལྔ་པ་ཤིང་ཕག་ལོར་དཔལ་ཨེ་ཝཾ་ ཆོས་ལྡན་གྱི་ཆོས་ཁྲིར་མངའ་གསོལ། གསུང་ངག་ལམ་འབྲས་གཙོས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསྟན་པ་འཛིན་སྐྱོང་སྤེལ་ གསུམ་གྱི་སྒོ་ནས་དར་རྒྱས་མཛད། སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། མཐར་དགུང་ལོ་ལྔ་བཅུ་ང་བཞི་པ་རབ་བྱུང་བཅུ་ གཉིས་པའི་ཤིང་རྟ། ཕྱི་ལོ་ ༡༧༡༤ ལོར་བླ་བྲང་དུ་སྐུ་གཤེགས།