གདན་རབས་རིམ་བྱོན།

མཁན་ཆེན་བསོད་ནམས་ལྷུན་གྲུབ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་རྟ། ཕྱི་ལོ་ ༡༧༡༤ ལོར་གཡས་རུའི་གླིང་མ་མཁར་དུ་ཡབ་སྡེ་པ་བློ་བཟང་དང། ཡུམ་དཔོན་ བཟའ་དྲུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཁུ་བོ་བསོད་ནམས་བཟང་པོས་བཀའ་བསྐུལ་བས་ངོར་དུ་ཕེབས་ཏེ་ གསན་བསམ་གནང་། མཁན་ཆེན་བསོད་ནམས་བཟང་པོ་ལས་རབ་ཏུ་བྱུང་། མཚན་བསོད་ནམས་ལྷུན་གྲུབ་ཏུ་གསོལ།

མཁན་ཆེན་བསོད་ནམས་ལྷུན་གྲུབ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཤིང་རྟ། ཕྱི་ལོ་ ༡༧༡༤ ལོར་གཡས་རུའི་གླིང་མ་མཁར་དུ་ཡབ་སྡེ་པ་བློ་བཟང་དང། ཡུམ་དཔོན་ བཟའ་དྲུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཁུ་བོ་བསོད་ནམས་བཟང་པོས་བཀའ་བསྐུལ་བས་ངོར་དུ་ཕེབས་ཏེ་ གསན་བསམ་གནང་། མཁན་ཆེན་བསོད་ནམས་བཟང་པོ་ལས་རབ་ཏུ་བྱུང་། མཚན་བསོད་ནམས་ལྷུན་གྲུབ་ཏུ་གསོལ། ཁུ་བོ་དེ་ཉིད་ དང་། མི་ཉག་བསྟན་པ་རྒྱལ་མཚན། དགེ་སློང་བསོད་ནམས་དར་རྒྱས་སོགས་བསྟེན་ནས་སློབ་གཉེར་མཛད། དགུང་ལོ་བཅུ་དགུ་པར་ ཨེ་ཝཾ་བླ་བྲང་དུ་མཁན་པོ་ནམ་མཁའ་བསམ་གྲུབ་དཔལ་བཟང་པོ་དང། ལས་སློབ་སངས་རྒྱས་ཚུལ་ཁྲིམས་སོགས་ལས་བསྙེན་པར་ རྫོགས། གཞན་ཡང་ས་སྐྱ་པ་ཀུན་དགའ་བློ་གྲོས་རྒྱ་མཚོ། བྱམས་པ་བསོད་ནམས་བཟང་པོ། ཚུལ་ཁྲིམས་ལྷུན་གྲུབ། བཀྲིས་ལྷུན་གྲུབ། མཁན་ཆེན་ནམ་མཁའ་བསམ་འགྲུབ། དཔལ་ལྡན་ཆོས་སྐྱོང། སངས་རྒྱས་དཔལ་བཟང། ཁམས་སྟོད་བསོད་ནམས་དབང་ཕྱུག་སོགས་ མཁས་གྲུབ་དུ་མ་ལས། གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་མན་ངག་སྐོར་མང་པོ་གསན། དགུང་ལོ་ཉེར་ གཅིག་པར་ཁམས་ཀྱི་ཆོས་གྲྭ་ཆེན་པོ་མགོ་ཟི་དགོན་བླ་བྲང་དུ་ཕེབས་ཏེ་བསྟན་དོན་མཛད། དེ་ནས་སྡེ་དགེར་མཁན་ཆེན་བཀྲིས་ལྷུན་ གྲུབ་དང། ཆོས་རྒྱལ་བསྟན་པ་ཚེ་རིང་བཅས་ཀྱི་མཇལ་ཁ་ལ་ཕེབས། ལྷུན་གྲུབ་སྟེང་འདུས་ཚོགས་ནས་ཀྱང་ཆོས་འབྲེལ་ཞུས། ཤིང་ སྟག་ནས་ལྕགས་སྤྲེལ་བར་ཁམས་སུ་བཞུགས་ཏེ་བསྟན་འདོན་མཛད། ཆུ་སྟོད་ཟླ་བའི་ཚེས་ཉེར་དགུ་ལ་གཙང་དུ་ཕེབས། དགུང་ལོ་ ཉེར་བརྒྱད་པ་ལྕགས་བྱ་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ། གསུང་ངག་ལམ་འབྲས་ཚར་གསུམ་དང། སྒྲུབ་ཐབས་བརྒྱ་ རྩ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། རབ་བསྙེན་གྱི་སློབ་བུ་སུམ་སྟོང་སྐོར་བྱུང་། ཞལ་སློབ་གཙོ་བོ་རྩེ་གདོང་སྤྲུལ་སྐུ་རིན་པོ་ཆེ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་སྐུ་ཚ་རིན་ཆེན་མཆོག་གྲུབ། དྲེད་སྤྲུལ་སྐུ། བྱ་གཤོངས་སྤྲུལ་སྐུ་པདྨ་བསྐལ་བཟང་འཕྲིན་ལས། མུས་ཐུབ་བསྟན་རྣམ་རྒྱལ་མཁན་པོ། གསེར་མདོག་ཅན་གྱི་ཤངས་པ་དཔོན་སློབ། རྟ་ནག་ཐུབ་བསྟན་མཁན་པོ། ཁམས་སུ་བླ་མ་ཤེས་ རབ་དཔལ་ལྡན། ཀརྨ་ཆོས་གྲགས་སོགས་དུ་མ་བསྐྲུན། མཐར་དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་། ཕྱི་ལོ་ ༡༧༤༥ ་ལོར་ཞི་བར་གཤེགས།