གདན་རབས་རིམ་བྱོན།

མཁན་ཆེན་བསོད་ནམས་དཔལ་འབྱོར།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་དཀྱིལ་དང་དུས་རབས་བཅོ་བརྒྱད་པའི་དཀྱིལ་སྨད་ཙམ་དུ་མདོ་ཁམས་ལི་ཐང་མོ་ལ་གཤིས་ཞེས་ པར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ན་དད་པ་དང་ཤེས་རབ་སོགས་ཡོན་ཏན་གྱི་རྩ་བ་རབ་ཏུ་བརྟན། ངོར་ཨེ་ཝཾ་ཆོས་ལྡན་གྱི་གྲྭ་སར་ ཞུགས། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་མཛད། ངག་དབང་ཕུན་ཚོགས་དོན་འགྲུབ།

མཁན་ཆེན་བསོད་ནམས་དཔལ་འབྱོར།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་དཀྱིལ་དང་དུས་རབས་བཅོ་བརྒྱད་པའི་དཀྱིལ་སྨད་ཙམ་དུ་མདོ་ཁམས་ལི་ཐང་མོ་ལ་གཤིས་ཞེས་ པར་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ན་དད་པ་དང་ཤེས་རབ་སོགས་ཡོན་ཏན་གྱི་རྩ་བ་རབ་ཏུ་བརྟན། ངོར་ཨེ་ཝཾ་ཆོས་ལྡན་གྱི་གྲྭ་སར་ ཞུགས། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་མཛད། ངག་དབང་ཕུན་ཚོགས་དོན་འགྲུབ། མཁས་གྲུབ་ཀུན་དགའ་ བསོད་ནམས། བྱམས་པ་ནམ་མཁའ་འཆི་མེད་སོགས་བསྟེན་ནས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེ་གཙོས་སྨིན་གྲོལ་རྒྱ་མཚོ་ ལྟ་བུ་གསན་ཏེ་ཐོས་བསམ་ཚུལ་བཞིན་མཛད། དགྱེས་རྡོར་སོགས་ཡི་དམ་དུ་མའི་བསྐྱེད་རྫོགས་ལ་དབང་འབྱོར་བའི་སུམ་ལྡན་རྡོ་རྗེ་ འཛིན་པ་ཆེན་པོར་གྱུར། ཤིང་བྱི་ལོར་མཁས་གྲུབ་ངག་དབང་དམ་ཆོས་ཀྱི་གདན་ཚབ་ཏུ་ངོར་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ། སྡོམ་པ་གསུམ་དང་སྨིན་གྲོལ་དུ་མས་གདུལ་བྱ་མཐའ་ཡས་པ་ཡང་དག་པའི་ལམ་ལ་དཀྲི་བར་མཛད། སློབ་མ་ཡང་བྱམས་པ་ཀུན་ དགའ་བསྟན་འཛིན། བྱམས་པ་དཔལ་ལྡན་བཟང་པོ་སོགས་སློབ་ཚོགས་དུ་མ་བསྐྲུན། ཆོས་སྲིད་ལུགས་ཟུང་གི་ཕྲིན་ལས་རྒྱས་པས་ བསྟན་འགྲོར་སྨན་པར་མཛད་པའི་སྐྱེས་བུ་དམ་པ་ཞིག་གོ། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)