གདན་རབས་རིམ་བྱོན།

མཁས་གྲུབ་སངས་རྒྱས་གྲགས་པ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་དཀྱིལ་སྟོད་དང་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་མདོ་ཁམས་མི་ཉག་ཤ་གྲོང་ཞེས་པར་ སྐུ་འཁྲུངས། སྐུ་ན་ཆུ་ངུའི་དུས་ནས་ངོར་དུ་ཕེབས། མཁན་ཆེན་བྱམས་པ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོའི་དྲུང་དུ་སྡོམ་པ་ གསུམ་གྱི་བདུད་རྩི་ཐོག་མར་གསོལ།

མཁས་གྲུབ་སངས་རྒྱས་གྲགས་པ།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་དཀྱིལ་སྟོད་དང་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་མདོ་ཁམས་མི་ཉག་ཤ་གྲོང་ཞེས་པར་ སྐུ་འཁྲུངས། སྐུ་ན་ཆུ་ངུའི་དུས་ནས་ངོར་དུ་ཕེབས། མཁན་ཆེན་བྱམས་པ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོའི་དྲུང་དུ་སྡོམ་པ་ གསུམ་གྱི་བདུད་རྩི་ཐོག་མར་གསོལ། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ལ་གསན་བསམ་མཛད། དེ་ནས་མཁན་ཆེན་དཔལ་ ལྡན་ཆོས་སྐྱོང། མཁས་གྲུབ་སངས་རྒྱས་དཔལ་བཟང། འཇམ་མགོན་བསོད་ནམས་ལྷུན་གྲུབ་སོགས་དམ་པ་མང་པོ་ལས་གསུང་ངག་ ལམ་འབྲས་དང་། བདེ་ཀྱེ་གསང་འཇིགས་སོགས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་གྱིས་དཔྱད་པ་ཚུལ་བཞིན་མཛད། ཟབ་དོན་གྱི་ གནད་ལ་སྒོམ་པས་ཉམས་རྟོགས་རྒྱས། ངག་དབང་ཆོས་སྐྱོང་བཟང་པོའི་གདན་ཚབ་ཏུ་ངོར་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ། འཁོར་འདུས་པ་རྒྱ་མཚོ་ལ་སྡོམ་པ་གསུམ་དང། གསུང་ངག་རིན་པོ་ཆེ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སློབ་མ་ཡང་། མཁས་ གྲུབ་ཀུན་དགའ་བསོད་ནམས། བྱམས་པ་ནམ་མཁའ་འཆི་མེད། མཁས་གྲུབ་ངག་དབང་དམ་ཆོས་སོགས་བསྟན་འཛིན་གྱི་སློབ་ཚོགས་ དུ་མར་སྤེལ། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)