གདན་རབས་རིམ་བྱོན།

ངག་དབང་ཆོས་སྐྱོང་བཟང་པོ། ཁ

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས། ཕྱི་ལོ་ ༡༧༢༣ ལོར་གཙང་གཡས་རུའི་སྣར་ཐང་དཔལ་འབྱོར་གླིང་དུ་ཡབ་སྡེ་པ་བློ་ བཟང་མགོན་པོ་དང། ཡུམ་སྒོས་སྐྱིད་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ངག་དབང་ཆོས་སྐྱོང་བཟང་པོར་གསོལ། དགུང་ ལོ་བདུན་པར་ཨེ་ཝཾ་ཁང་གསར་དུ་ཕེབས།

ངག་དབང་ཆོས་སྐྱོང་བཟང་པོ། ཁ

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས། ཕྱི་ལོ་ ༡༧༢༣ ལོར་གཙང་གཡས་རུའི་སྣར་ཐང་དཔལ་འབྱོར་གླིང་དུ་ཡབ་སྡེ་པ་བློ་ བཟང་མགོན་པོ་དང། ཡུམ་སྒོས་སྐྱིད་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ངག་དབང་ཆོས་སྐྱོང་བཟང་པོར་གསོལ། དགུང་ ལོ་བདུན་པར་ཨེ་ཝཾ་ཁང་གསར་དུ་ཕེབས། དེ་ནས་བཟུང་དགུང་ལོ་བཅོ་ལྔའི་བར་གསན་བསམ་གནང། དགུང་ལོ་བཅོ་ལྔ་པར་མཁན་ ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་བཟང་པོ་ལས་དགེ་བསྙེན་དང་། དགེ་ཚུལ། བྱང་སྡོམ་བཅས་ཞུས། དགུང་ལོ་ཉི་ཤུ་པར་མཁན་ ཆེན་ངག་དབང་བྱམས་པ་བསོད་ནམས་བཟང་པོ་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། ས་སྐྱ་པ་ངག་དབང་ཀུན་དགའ་ བློ་གྲོས། ཞལ་དཀར་བ་ངག་དབང་ཤེས་རབ་སོགས་ཡོངས་འཛིན་དུ་མ་ལས་གསུང་ངག་ལམ་འབྲས་ཀྱིས་གཙོས་དབང་ཁྲིད་ལུང་ སོགས་ལ་གསན་བསམ་གནང་། དགེས་པ་རྡོ་རྗེ་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་མཛད། དེ་ནས་མདོ་ཁམས་གླིང་མགོ་ཟི་དགོན་ དང། སྡེ་དགེ་སོགས་སུ་ཕེབས་ཏེ་འཆད་ཉན་གྱིས་བསྟན་དོན་མཛད། དགུང་ལོ་ཞེ་གཉིས་པ་ཤིང་སྤྲེལ་ལོར་ངོར་ཆེན་ཀུན་དགའ་བཟང་ པོའི་ཆོས་ཁྲིར་མངའ་གསོལ། གསུང་ངག་ལམ་འབྲས་ཚར་བཅུས་མཚོན་དབང་ལུང་མང་པོ་དང། བསྒྲུབ་བྱ་བརྒྱ་ཕྲག་དུ་མར་བསྙེན་ རྫོགས་བསྩལ། དེ་ནས་མཁན་ཆེན་སངས་རྒྱས་གྲགས་པར་རྩིས་འབུལ་ཞུས། དགུང་གྲངས་ང་བཞི་མེ་སྤྲེལ་ལོར་སླར་མདོ་ཁམས་ ཤངས་ཐོ་དང། དུང་མདོ། ཝ་ར། ཀུ་སེ། འཛོམ་ཐོག། ལྕགས་ར། སྡེ་དགེ་ལྷུན་གྲུབ་སྟེང། མགོ་ཟི། རྫོང་སར་དགོན་སོགས་ཕེབས་ཏེ་ བསྟན་འགྲོའི་དོན་མཐའ་ཡས་པ་མཛད། གསུང་རྩོམ་ཡང། ཞབས་བརྟན་དང། ཞུ་ལེན་སོགས་ཁ་ཤས་བཞུགས། མཐར་དགུང་ལོ་ང་ བདུན་པ་ས་ཕག ཕྱི་ལོ་ ༡༧༧༩ ལོར་བདེ་བར་གཤེགས།