ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ།
ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་འབྲུག ཕྱི་ལོ་ ༡༨༦༨ ལོར་ངག་དབང་བློ་གྲོས་སྙིང་པོའི་དབོན་རིགས་སུ་འཁྲུངས། དམ་པ་དེ་ཉིད་ ལས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེ་ཚོགས་སློབ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཁྲི་ཆེན་འཇིགས་མེད་དབང་རྒྱལ་ སོགས་དམ་པ་མང་པོ་ལས་དབང་ཁྲིད་ལུང་སོགས་གསན། དགྱེས་པ་རྡོ་རྗེ་སོགས་བསྙེན་སྒྲུབ་དུ་མ་བགྱིས། མཁས་གྲུབ་གཉིས་ལྡན་ གྱི་གོ་འཕང་ལ་མངའ་དབང་འབྱོར། དཔལ་ཨེ་ཝཾ་པའི་གདན་ཁྲི་ལ་བཀོད་དེ་གསུང་ངག་ལམ་འབྲས་སོགས་སྔར་སྲོལ་ཉམས་མེད་ མཛད། ཁམས་སུ་བྱོན་ནས་སྡེ་དགེ་ཆོས་རྒྱལ་སོགས་ཆེ་རྒུ་མང་པོའི་མཆོད་གནས་མཛད། ཁྲོམ་རྡོ་དགོན་དུ་ཕུར་པའི་སྒྲུབ་མཆོད་ བཙུགས། རྡོ་རྗེ་ཕུར་པ་ཁོ་ནས་འགྲོ་དོན་མཛད། དམ་པ་འདི་ཉིད་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་དར་རྒྱས་མཛད་ དེ། མཐར་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་རབ་བྱུང་བཅུ་དྲུག་པའི་ས་གླང་། ཕྱི་ལོ་༡༩༤༩ ལོར་བདེ་བར་གཤེགས།

