གདན་རབས་རིམ་བྱོན།

ངག་དབང་བློ་གྲོས་སྙིང་པོ།

ཁོང་ནི་རབ་བྱུང་བཅུ་བཞི་པའི་དཀྱིལ་དང་དུས་རབས་བཅུ་དགུ་པའི་སྟོད་ཙམ་དུ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་སོགས་དམ་པ་མང་པོ་བྱོན་ པའི་རིགས་རྒྱུད་དུ་སྐུ་འཁྲུངས། ངག་དབང་བློ་གྲོས་བསྟན་འཛིན་གྱི་སྤྲུལ་པའི་སྐུར་རོལ་པས་ངོར་ཕུན་ཚོགས་ཁང་གསར་དུ་གདན་ དྲངས།

ངག་དབང་བློ་གྲོས་སྙིང་པོ།

ཁོང་ནི་རབ་བྱུང་བཅུ་བཞི་པའི་དཀྱིལ་དང་དུས་རབས་བཅུ་དགུ་པའི་སྟོད་ཙམ་དུ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་སོགས་དམ་པ་མང་པོ་བྱོན་ པའི་རིགས་རྒྱུད་དུ་སྐུ་འཁྲུངས། ངག་དབང་བློ་གྲོས་བསྟན་འཛིན་གྱི་སྤྲུལ་པའི་སྐུར་རོལ་པས་ངོར་ཕུན་ཚོགས་ཁང་གསར་དུ་གདན་ དྲངས། བྱམས་པ་ཀུན་དགའ་བསྟན་འཛིན་དྲུང་དུ་གཙུག་ཕུད་ཕུལ། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་མཛད། བྱམས་པ་ཀུན་དགའ་ བསྟན་པའི་རྒྱལ་མཚན་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། དམ་པ་དེ་ཉིད་དང། ངག་དབང་བསོད་ནམས་རྒྱལ་མཚན། འཇམ་ དབྱངས་ཤེས་རབ་རྒྱ་མཚོ། དཔལ་ལྡན་བློ་གྲོས་རྒྱལ་མཚན། གོང་མ་ངག་དབང་འཇིགས་མེད་དབང་རྒྱལ། ཞྭ་ལུ་རི་ཟུར་སོགས་དམ་ པ་མང་པོ་བསྟེན་ནས་སྔ་ཕྱིར་ལམ་འབྲས་ཚོགས་སློབ། ངོར་ལུགས་དཀྱིལ་འཁོར་བདུན། སྒྲུབ་ཐབས་ཀུན་བཏུས་སོགས་ཆོས་སྐོར་ མང་དུ་གསན། ཀྱེ་རྡོར་དང། ཕུར་པ་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན། ཞབས་དྲུང་སྐབས་ཁམས་སུ་ཕེབས་ནས་འགྲོ་ དོན་མཛད། སླར་དབུས་གཙང་དུ་ཕེབས་ཏེ་མངའ་རིས་སྐོར་གསུམ་དང་། བལ་ཡུལ་དུ་བྱོན་ཏེ་འཕྲིན་ལས་རྒྱས། དེ་ནས་ངོར་ཆེན་རྡོ་ རྗེ་འཆང་གི་ཁྲི་ལ་ལོ་བཅུ་ཙམ་བཞུགས་ནས་གསུང་ངག་རིན་པོ་ཆེ་སོགས་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་སྩལ། སོག་ཡུལ་དུ་བྱོན། རྡོ་རྗེ་ཕུར་པའི་སྒོ་ནས་འགྲོ་དོན་མཛད། སླར་མདོ་ཁམས་སྟོད་སྨད་དུ་ཕེབས་ཏེ་བསྟན་འགྲོའི་དོན་མཛད། དེ་ནས་དབུས་གཙང་བྱོན་ ནས་མཆོད་འབུལ་དང་གདན་སར་འཇགས། གསུང་ངག་ལམ་འབྲས་སོགས་བཀའ་ཆོས་དུ་མ་སྩལ། གསུང་རྩོམ་ཡང་སྨན་ཆོག་ སོགས་ཆོས་ཚན་འགའ་བརྩམས། སློབ་མ་ཡང་མཁན་ཆེན་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོ། ཡངས་ཅན་མཁན་པོ། སྐྱེ་ རྒུ་དོན་གླིང་དབོན་སྤྲུལ། སོག་པོ་ཐོག་རྒོད་རྒྱལ་པོ། སྡེ་དགེ་ཆོས་རྒྱལ། ལྷུན་གྲུབ་སྟེང་ཤར་ནུབ་ཆོས་རྗེ། མཁས་དབང་བླ་མ་འཇམ་ དབྱངས་མཁྱེན་རབ་སོགས་དུ་མ་བསྐྲུན། ཐུགས་དམ་ཟབ་མོ་ཉམས་ལེན་ལ་རྩེ་གཅིག་ཏུ་བཞུགས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཉི་ ཟླ་ལྟར་གསལ་ཞིང་གོང་འཕེལ་དུ་གྱུར་པའི་ངང་སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན་པ་ཡིན། (འདས་ལོ་མ་ངེས།)