གདན་རབས་རིམ་བྱོན།

དཔལ་གླིང་ཆོས་རྗེ་བསོད་ནམས་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅུ་པའི་མེ་སྦྲུལ། ཕྱི་ལོ་ ༡༦༡༧ ལོར་སྣར་ཐང་དཔལ་འབྱོར་ཕུན་ཚོགས་གླིང་དུ་ཡབ་རྒྱལ་པོ་བཀྲིས་དང། ཡུམ་ དཔལ་མོ་སྒྲོན་མ་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས། མཚན་ཚེ་རིང་རྡོ་རྗེ་གསོལ། དགུང་ལོ་བརྒྱད་པར་སྣར་ཐང་ཟུར་ཁང་གི་སློབ་དཔོན་ བསོད་ནམས་རྡོ་རྗེའི་དྲུང་དུ་རབ་ཏུ་བྱུང་།

དཔལ་གླིང་ཆོས་རྗེ་བསོད་ནམས་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅུ་པའི་མེ་སྦྲུལ། ཕྱི་ལོ་ ༡༦༡༧ ལོར་སྣར་ཐང་དཔལ་འབྱོར་ཕུན་ཚོགས་གླིང་དུ་ཡབ་རྒྱལ་པོ་བཀྲིས་དང། ཡུམ་ དཔལ་མོ་སྒྲོན་མ་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས། མཚན་ཚེ་རིང་རྡོ་རྗེ་གསོལ། དགུང་ལོ་བརྒྱད་པར་སྣར་ཐང་ཟུར་ཁང་གི་སློབ་དཔོན་ བསོད་ནམས་རྡོ་རྗེའི་དྲུང་དུ་རབ་ཏུ་བྱུང་། མཚན་བསོད་ནམས་རྒྱ་མཚོར་གསོལ། ཐུབ་བསྟན་གསེར་མདོག་ཅན་དང། ངོར་ཨེ་ཝཾ་ སོགས་སུ་བྱོན་ཏེ་བྱམས་ཆོས་སོགས་མདོ་སྐོར། སྤྱི་ལྗོན་བརྟག་གསུམ། བདེ་ཀྱེ་གསང་གསུམ་སོགས་རྒྱུད་སྐོར་ལ་གསན་བསམ་གནང། (ལྷག་པར་དུ་འཇམ་དབྱངས་ཤེས་རབ་འབྱུང་གནས་ལས་གསུང་ངག་ལམ་འབྲས་ཚར་བཅོ་ལྔ་ཙམ་གསན།)དགུང་ལོ་བཅུ་གསུམ་པར་ རྗེ་ནམ་མཁའ་སངས་རྒྱས་ལས་དགེ་ཚུལ་མནོས། ཉེར་ལྔ་པར་མཁན་པོ་རྗེ་ནམ་མཁའ་སངས་རྒྱས་དང། ལས་སློབ་དཔོན་ཤར་ཆེན་ ཤེས་རབ་འབྱུང་གནས་སོགས་ལས་བསྙེན་རྫོགས་མཛད། མཁན་སློབ་དེ་དག་དང། གཞན་ཡང་རྒྱལ་མཆོག་ངག་དབང་བློ་བཟང་རྒྱ་ མཚོ། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་དབང་ཕྱུག། གསེར་མདོག་མཁན་ཆེན་ཤཱཀྱ་བཀྲིས་ སོགས་བླ་མ་བཅུ་གསུམ་བསྟེན་ནས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། བདེ་ཀྱེ་སོགས་ལྷག་ལྷ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པར་ མཛད། (དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་པོའི་ཟུར་བཞིའི་གྲྭ་ཚང་གི་ཡ་གྱལ། ཟུར་ཁང་གྲྭ་ཚང་གི་འཇམ་དབྱངས་ཤེས་རབ་རྒྱ་མཚོའི་ ཁྲིར་འཁོད་དེ་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་གནང།) དགུང་ལོ་སོ་བཞི་པར་སམ་པུ་ཊའི་སློབ་དཔོན་མཛད་པ་ནས་ངོར་པའི་ ཟུར་འཆད་པ་མཛད། དགུང་ལོ་ཞེ་གཉིས་པ་ས་ཁྱི་ལོར་ངོར་ཨེ་ཝཾ་པའི་གདན་ཁྲིར་འཁོད་། དེ་ནས་བཟུང་ང་གཅིག་བར་གསུང་ངག་ ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཞིང་ལོ་རེར་བསྒྲུབ་བྱ་བརྒྱ་ཕྲག་རེ་ཙམ་བསྒྲུབས་པས་མཚོན་བསྟན་པ་འཛིན་ སྐྱོང་སྤེལ་གསུམ་མཛད། སློབ་མ་ཡང། ཞྭ་ལུ་མཁན་ཆེན་ཤེས་རབ་རྒྱ་མཚོ། ཀུན་དགའ་ཚུལ་ཁྲིམས། བླ་མ་བཀྲིས་དཔལ་ལྡན་སོགས་ སློབ་ཚོགས་དུ་མ་བསྐྲུན། ཆོས་འབྱུང་དང་། སྒྲུབ་ཐབས་སོགས་ཆོས་ཚན་དུ་མ་བརྩམས། མཐར་དགུང་ལོ་ལྔ་བཅུ་ང་གཅིག་པ་རབ་ བྱུང་བཅུ་གཅིག་པ་མེ་ལུག ཕྱི་ལོ་ ༡༦༦༧ ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས།