གདན་རབས་རིམ་བྱོན།

མཁས་གྲུབ་དཔལ་ལྡན་རྡོ་རྗེ།

ཁོང་ནི་རབ་བྱུང་བདུན་པའི་ལྕགས་ཡོས། ཕྱི་ལོ་ ༡༤༡༡ ལོར་དཔལ་ལྡན་ས་སྐྱར་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་སྐྱེད་པ་ དཔལ་གྱི་སྲས་སུ་སྐུ་འཁྲུངས། ས་བཟང་འཕགས་པ་བློ་གྲོས་ཀྱིས་རྡོ་རྗེ་སྲ་བརྟན་ཞེས་བཏགས། དགུང་ལོ་བརྒྱད་པར་ཐེག་ཆེན་ཆོས་ ཀྱི་རྒྱལ་པོ་བཀྲིས་རྒྱལ་མཚན་ལས་རབ་ཏུ་བྱུང་།

མཁས་གྲུབ་དཔལ་ལྡན་རྡོ་རྗེ།

ཁོང་ནི་རབ་བྱུང་བདུན་པའི་ལྕགས་ཡོས། ཕྱི་ལོ་ ༡༤༡༡ ལོར་དཔལ་ལྡན་ས་སྐྱར་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་སྐྱེད་པ་ དཔལ་གྱི་སྲས་སུ་སྐུ་འཁྲུངས། ས་བཟང་འཕགས་པ་བློ་གྲོས་ཀྱིས་རྡོ་རྗེ་སྲ་བརྟན་ཞེས་བཏགས། དགུང་ལོ་བརྒྱད་པར་ཐེག་ཆེན་ཆོས་ ཀྱི་རྒྱལ་པོ་བཀྲིས་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་དཔལ་ལྡན་རྡོ་རྗེ་གསོལ། ཤཱཀ་བཟང་དུ་རྡོ་རྗེ་འཆང་ལས་རྡོ་རྗེ་ཕྲེང་བ་ནས་ བརྩམས་ཏེ་གདམས་ངག་ཐམས་ཅད་གསན། བཅོ་ལྔ་པར་ས་སྐྱར་གྲྭ་སྐོར་མཛད། དཔལ་ལྡན་ས་སྐྱར་ཤར་པ་ཡེ་ཤེས་རྒྱལ་མཚན་དང།ས་བཟང་འཕགས་པ།ཐེག་ཆེན་ཆོས་རྗེ་གསུམ་ཀའི་བུ་ཆེན་གུ་ཤྲཱི་ནམ་མཁའ་བཟང་པོའི་དྲུང་དུ་གསུང་ངག་ལམ་འབྲས་སོགས་དུ་མ་གསན། རྗེ་འདི་དགུང་ལོ་བཅུ་དགུ་པར་ས་བྱར་ངོར་ཨེ་ཝཾ་དུ་ཕེབས་ཏེ་རྗེ་རྡོ་རྗེ་འཆང་ངོར་ཆེན་ལས་བསྙེན་རྫོགས་མཛད། གཙོ་བོ་ ངམ་རིངས་ཆོས་སྡེ་སོགས་སུ་བྱོན་ཏེ་འཇམ་དབྱངས་སངས་རྒྱས་གྲུབ། གུ་ཎ་མ་ཏི། རྗེ་རྒྱལ་མཆོག་པ། ཆོས་རྗེ་གཞོན་ནུ་སེངྒེ་སོགས་ ལས་མདོ་སྔགས་ཀྱི་ཆོས་མཐའ་དག་གསན། གཞན་ཡང་རྗེ་མུས་པ་དང་། ཁ་ཆར་བ། ཆོས་རྗེ་ཤེར་རྒྱམ་སོགས་ལའང་ཆོས་མང་དུ་ གསན་ཏེ་མཁས་གྲགས་ཐམས་ཅད་དུ་ཁྱབ་པར་མཛད། རྗེ་ངོར་པ་གཤེགས་དུས་ཤཱཀ་བཟང་བླ་བྲང་གི་གདན་ས་འདི་ལ་གནང་། ངོར་ དང་ས་སྐྱ་རེས་མོས་སུ་གསུང་ངག་ལམ་འབྲས་ཚར་སུམ་ཅུ་སོ་གསུམ་ལྷག་གནང་བས་མཚོན་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། མེ་མོ་ཕག་གི་(ས་མོ་ཕག)ལོར་རྡོ་རྗེ་འཆང་གི་ཁྲི་ལ་བཀོད་དེ་ཆོས་ཀྱི་ཆར་ཆེན་ཕབས། ཆུ་ཕོ་སྟག་གི་ལོར་གདན་ས་ཀུན་མཁྱེན་བསོད་ ནམས་སེང་གེ་ལ་གཏད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ། སློབ་ཚོགས་བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག་རྒྱལ་མཚན་ དཔལ་བཟང་པོ་སོགས་དུ་མ་བསྐྲུན་ཏེ། མཐར་དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པ་ཆུ་སྟག་སྤྱི་ལོ་༡༤༨༢ལོར་དགོངས་པ་ ཆོས་དབྱིངས་སུ་བསྡུས།