གདན་རབས་རིམ་བྱོན།

དཔལ་ལྡན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་བྱི། ཕྱི་ལོ་ ༡༨༤༠ ལོར་གཙང་པད་ནང་དུ་བྱམས་པ་དཔལ་ལྡན་བཟང་པོའི་རིགས་སུ་སྐུ་ བལྟམས། སྐུ་ན་ཆུང་དུས་ནས་དགའ་བ་གདོང་གི་གྲྭ་སར་ཞུགས། མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་ཀྱིས་ངོར་ཕན་བདེ་བླ་

དཔལ་ལྡན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་བྱི། ཕྱི་ལོ་ ༡༨༤༠ ལོར་གཙང་པད་ནང་དུ་བྱམས་པ་དཔལ་ལྡན་བཟང་པོའི་རིགས་སུ་སྐུ་ བལྟམས། སྐུ་ན་ཆུང་དུས་ནས་དགའ་བ་གདོང་གི་གྲྭ་སར་ཞུགས། མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་ཀྱིས་ངོར་ཕན་བདེ་བླ་

27

བྲང་དུ་སྤྱན་དྲངས། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་སློབ་གཉེར་གནང། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་དྲུང་ ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཞུས། ཀྱེ་རྡོར་བཀའ་བབས་བཞི། ལམ་འབྲས་ཚོགས་ བཤད་སོགས་བཀའ་ཆོས་མང་དུ་གསན། ཞབས་དྲུང་གི་མཚན་གསོལ། མདོ་ཁམས་སུ་བྱོན་ཏེ་ཀུན་དགའ་བསྟན་པའི་བློ་གྲོས། འཇམ་ མགོན་ངག་དབང་ལེགས་གྲུབ། ཆོས་རྗེ་ཀུན་དགའ་དཔལ་ལྡན། འཇིགས་མེད་དཔལ་ལྡན། འཇམ་དབྱངས་ཡོན་ཏན་སོགས་ལས་སྒྲ་ དང། སྙན་ངག་སོགས་དུ་མ་གསན། ཁྱད་པར་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་སྔ་ནས་སྒྲུབ་ཐབས་ཀུན་བཏུས་སོགས་ གསན། ལོ་བཅུ་ཕྲག་སྐོར་བཞུགས་ནས་གསུང་ངག་ལམ་འབྲས་གནང་བ་སོགས་བསྟན་འགྲོའི་དོན་མཛད། སླར་གདན་སར་ཕེབས་ཏེ་ ངོར་ཆེན་རྡོ་རྗེ་འཆང་གི་ཁྲིར་མངའ་གསོལ། སྡོམ་པ་གསུམ་དང་གསུང་ངག་ལམ་འབྲས་སོགས་སྔོན་སྲོལ་ལྟར་ཉམས་མེད་སྩལ། དེ་ ནས་མཁན་པོའི་འགན་བཞེས་ཐར་རྩེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་ལ་ཕུལ། སླར་མདོ་ཁམས་སྐྱེ་རྒུ་དོན་གྲུབ་གླིང་དང། སྡེ་དགེ་ལྷུན་ གྲུབ་སྟེང་། ཁྲོམ་སྡེ་གཞུང། དར་མདོ་མགོ་ཐམ་སོགས་སུ་བྱོན་ཏེ་སྒྲུབ་ཐབས་ཀུན་བཏུས་སོགས་འཆད་སྤེལ་གནང། གཞན་ཡང་འཇམ་ དབྱངས་ཡོན་ཏན་རྒྱ་མཚོ་དང། ཆོས་རྗེ་ཀུན་དགའ་འཇམ་དབྱངས། ཁྲི་ཆེན་ཀུན་དགའ་བསོད་ནམས། རྗེ་བཙུན་རྟ་མགྲིན་དབང་མོ། འཇམ་དབྱངས་མི་ཕམ་རྒྱ་མཚོ་སོགས་ལས་དབང་ལུང་ཁྲིད་མན་ངག་སོགས་དུ་མ་གསན། གསུང་རྩོམ་ཡང་དགོན་སྡེའི་བཅའ་ཡིག་ དང། ཆབ་ཤོག་སོགས་དུ་མ་བཞུགས། མཆོད་ཡོན་གཉིས་ཀ་དབུས་གཙང་དུ་ཕེབས་ཏེ་ངོར་དགོན། ས་སྐྱ་གོང། བཀྲིས་ལྷུན་པོ་སོགས་ དབུས་གཙང་གི་དགོན་གནས་མང་པོར་མཆོད་སྤྲིན་སྤེལ། སླར་ཡང་མཆོད་ཡོན་ལྷན་ཅིག་སྡེ་དགེ་ལྷུན་གྲུབ་སྟེང་ཕེབས་ཏེ་བཞུགས་ ཁྲིར་འཇགས། ཞལ་སློབ་ཀྱང་། མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ། ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན། མི་ཕམ་ འཇམ་དབྱངས་རྣམ་རྒྱལ། ལེགས་བཤད་བཟང་པོ། ལུང་རིགས་ཉི་མ། འཇམ་དབྱངས་མཁྱེན་རབ། ཉི་མ་ཆོས་འཕེལ། མཁས་གྲུབ་རྒྱ་ མཚོ། སྡེ་དགེ་ཆོས་རྒྱལ་སྐུ་མཆེད་ཡབ་སྲས་སོགས་བསྟན་འཛིན་དུ་མ་བསྐྲུན། མཐར་དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་ ལྕགས་བྱི། ཕྱི་ལོ་ ༡༩༠༠ ལོར་བདེ་བར་གཤེགས།