ཕན་བདེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན།
ཁོང་ནི་སྒ་སྟོད་ཐར་ལམ་དགོན་པའི་ཉེ་འདབས་མགྲོན་འདའ་ཞེས་པའི་གྲོང་གི་གད་ཐོག་ཚང་ཞེས་པའི་ཁྱིམ་དུ་འཁྲུངས། སྐུ་ཆུང་ངུ་ ནས་ཕན་བདེ་བླ་བྲང་གི་ཞབས་དྲུང་དུ་མཚན་གསོལ། གསན་བསམ་མཐར་ཕྱིན་པར་མཛད། ཨེ་ཝཾ་པའི་ཕྱག་སྲོལ་ཞབས་དྲུང་གི་ མཛད་རིམ་རྣམས་དང་། ལྷག་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་སོགས་མཛད། རྒྱལ་བ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་མཁན་ཁྲི་ལོ་གསུམ་ མཛད་ཅིང་གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་ཟབ་ཆོས་མཐའ་ཡས་པ་སྩལ། གདུལ་བྱ་དཔག་ཏུ་མེད་པ་སྡོམ་པ་གསུམ་ལྡན་ གྱིས་རྒྱུད་སྨིན་པར་མཛད། དེ་ནས་ཁམས་ཕྱོགས་སུ་ཕེབས་ཏེ་སྐྱེ་རྒུ་དགོན་དུ་སྒྲུབ་ཐབས་ཀུན་བཏུས་ཀྱིས་གཙོས་དབང་ཆོས་མང་པོ་ དང། གཞན་ཡང་དགོན་ཁག་རྣམས་སུ་བཀའ་ཆོས་རྒྱ་ཆེར་གནང། སྡེ་དགེ་དགོན་ཆེན་དུ་དྲུག་འདུ་ཆེན་མོའི་དབུ་བཞུགས་གནང་བ་ སོགས་བསྟན་འགྲོའི་དོན་རྒྱ་ཆེན་མཛད།(འཁྲུངས་འདས་ཀྱི་ལོ་ཚིག་དང་ལམ་འབྲས་གསན་ཡུལ་གསལ་ཁ་མ་ངེས།)

