གདན་རབས་རིམ་བྱོན།

ཕན་བདེ་མཁན་ཆེན་ངག་དབང་མཁས་གྲུབ་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ། ཕྱི་ལོ་ ༡༩༡༧ ལོར་སྒ་སྟོད་འཛིན་འདའ་ཞེས་པའི་གྲོང་དུ་ཡབ་བྱང་ཆུབ་བཟང་པོ་དང། ཡུམ་ དོན་གྲུབ་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཐོག་མར་ཐར་ལམ་དགོན་དུ་ཆོས་བཞུགས་གནང། ཁུ་བོ་ཀུན་དགའ་དཔལ་བཟང་ ལས་རྩིས་སྙན་ངག་སོགས་ཐུན་མོང་རིག་གནས་སྐོར་གསན་བསམ་གནང།

ཕན་བདེ་མཁན་ཆེན་ངག་དབང་མཁས་གྲུབ་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ། ཕྱི་ལོ་ ༡༩༡༧ ལོར་སྒ་སྟོད་འཛིན་འདའ་ཞེས་པའི་གྲོང་དུ་ཡབ་བྱང་ཆུབ་བཟང་པོ་དང། ཡུམ་ དོན་གྲུབ་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཐོག་མར་ཐར་ལམ་དགོན་དུ་ཆོས་བཞུགས་གནང། ཁུ་བོ་ཀུན་དགའ་དཔལ་བཟང་ ལས་རྩིས་སྙན་ངག་སོགས་ཐུན་མོང་རིག་གནས་སྐོར་གསན་བསམ་གནང། སྐྱེ་རྒུ་དགོན་དུ་བཤད་གྲྭར་ཕེབས་ཏེ་མཁན་པོ་དགེ་འདུན་ བཟང་པོའི་མདུན་ནས་གཞུང་ཆེན་ཁག་གསན་སྦྱོང་དཔྱིས་ཕྱིན་པར་མཛད། སྒ་སྟོན་ལེགས་པ་རྡོ་རྗེ་འཆང། གྲུབ་པའི་དབང་པོ་ཉི་ དགའ་རྡོ་རྗེ་འཆང་སོགས་དུ་མ་ལས་ཟབ་ཆོས་མཐའ་ཡས་པ་གསན། ཕན་བདེ་མཁན་ཆེན་བྱམས་པ་དཔལ་ལྡན་ཆོས་མཛད་ཀྱི་སྤྲུལ་ སྐུར་ངོས་འཛིན་ནས་ཕན་བདེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ། མཁན་ཆེན་ཁྲི་པ་ཁང་གསར་མཁན་རིན་པོ་ཆེ་ངག་དབང་ཡོན་ ཏན་རྒྱ་མཚོ་མཆོག་ལས་གསུང་ངག་ལམ་འབྲས། བྱང་སྡོམ། དགེ་ཚུལ་སློང་གི་སྡོམ་པ་བཅས་མནོས། ཁང་གསར་མཁན་ཆེན་རྡོ་རྗེ་ འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་རྒྱུད་བཏུས། ལམ་འབྲས། སྒྲུབ་བཏུས་སོགས་སྙན་བརྒྱུད་དུ་མ་གསན། ལྷག་ལྷ་ མང་པོའི་བསྙེན་པ་མཐར་ཕྱིན། རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་མཁན་ཁྲིར་ཕེབས་ཏེ་ལོ་གསུམ་རིང་ལམ་འབྲས་དང་སྡོམ་

32

གསུམ་སོགས་འཆད་ཉན་གྱིས་གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད། མདོ་ཁམས་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་མཛད། སྐྱེ་རྒུ་ དགོན་དུ་རྒྱུད་སྡེ་ཀུན་བཏུས་ལོ་གསུམ་རིང་ཞིབ་རྒྱས་ཀྱི་ཚུལ་དུ་བཀའ་དྲིན་བསྩལ། སློབ་མའི་གཙོ་བོ་ཕན་བདེ་ཞབས་དྲུང་རིན་པོ་ཆེ། སྐྱེ་དགོན་དབོན་པོ་སྐྱབས་མགོན། མེ་རྒན་སྤྲུལ་སྐུ། རྒྱ་ནག་སྤྲུལ་སྐུ། གྲྭའུ་ཚང་བླ་མ་སྐུ་མཆེད་གསུམ་སོགས་དུ་མ་བྱོན། དུས་ཕྱིས་སླར་ ཡང་ཨེ་ཝཾ་པའི་མཁན་ཁྲིར་ཕེབས་ཏེ་གདམས་ངག་དུ་མ་སྩལ། སྔ་རྗེས་མཁན་ཁྲི་ལོ་དྲུག་མཛད། ཐར་རྩེ་མཁན་ཞབས་རྣམ་གཉིས། སྟོད་ལ་དྭགས་ཀྱི་རྒྱལ་སྲས་ཕྲིན་ལས་རིན་པོ་ཆེ་སོགས་བསྟན་འཛིན་དུ་མ་བསྐྲུན། ས་ཕག་ལོར་བོད་དུ་དུས་འགྱུར་ཆེན་པོ་བྱུང་དུས་རྒྱ་ གར་དུ་ཆིབས་བསྐྱོད་མཛད་དེ། སྒང་ཏོག། རྡོ་གླིང། རཱ་ཛ་པུར་སོགས་སུ་བཞུགས་ཏེ་བསྟན་འགྲོའི་དོན་མཛད། མཐར་དགུང་ལོ་ལྔ་ བཅུ་ང་གསུམ་ས་བྱའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཉིན། ལེ་ལོ་དང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དགོངས་པ་ཆོས་ དབྱིངས་སུ་གཤེགས།