གདན་རབས་རིམ་བྱོན།

ཕན་ཁང་མཁན་པོ་ཀུན་དགའ་བསྟན་པའི་བློ་གྲོས།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་རྟ། ཕྱི་ལོ་ ༡༨༢༢ ལོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རྒྱབ་ཕྱོགས་སུ་རྟོགས་ལྡན་དགོན་བཀྲིས་ཆོས་ ལྡིང་དུ། ཡབ་ཀུན་བཟང་པདྨ་རིག་འཛིན་དང། ཡུམ་གང་ལེགས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བྱ་དགུའི་ཐོག་ཕན་ བདེ་བླ་བྲང་དུ་བྱོན། བྱམས་པ་དཔལ་ལྡན་བཟང་པོ་ལས་ཟབ་ཆོས་འགའ་ཞིག་གསན།

ཕན་ཁང་མཁན་པོ་ཀུན་དགའ་བསྟན་པའི་བློ་གྲོས།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ཆུ་རྟ། ཕྱི་ལོ་ ༡༨༢༢ ལོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རྒྱབ་ཕྱོགས་སུ་རྟོགས་ལྡན་དགོན་བཀྲིས་ཆོས་ ལྡིང་དུ། ཡབ་ཀུན་བཟང་པདྨ་རིག་འཛིན་དང། ཡུམ་གང་ལེགས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བགྲང་བྱ་དགུའི་ཐོག་ཕན་ བདེ་བླ་བྲང་དུ་བྱོན། བྱམས་པ་དཔལ་ལྡན་བཟང་པོ་ལས་ཟབ་ཆོས་འགའ་ཞིག་གསན། རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་སྡོམ་ གསུམ་དང་གསུང་ངག་རིན་པོ་ཆེའི་ཆོས་སྐོར་རྣམས་ཞུས་ནས་རྩ་བའི་རིགས་བདག་ཏུ་འཛིན། རྒྱུད་ཆུང་བཞི་སོགས་ལ་གསན་བསམ་ དང་བསྙེན་སྒྲུབ་མཛད། གདུལ་བྱའི་དོན་དུ་ཁམས་སྒ་སྟོད་དུ་བྱོན་ནས་བསྟན་དོན་མཛད། དགུང་ལོ་ཉེར་ལྔ་པར་སླར་ངོར་དུ་ཕེབས། བྱམས་པ་ཀུན་དགའ་བསྟན་འཛིན་དང། ཡོངས་འཛིན་པཎྜི་ཏ་འཇམ་མགོན་ངག་དབང་ལེགས་གྲུབ་སོགས་ལས་ཀྱེ་རྡོར་བཀའ་བབས་ བཞི་སོགས་ཟབ་ཆོས་དུ་མ་གསན། དགུང་ལོ་ཉེར་བདུན་པ་ས་སྤྲེལ་ལོར་ངོར་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་འཁོད་ནས་སོ་གཅིག་བར་ གདན་སའི་ཁུར་བཞེས། དེ་ནས་བླ་བྲང་གི་རྩིས་བཞེས་སྐོར་ཐར་རྩེ་ལ་གཏད་ནས་མདོ་ཁམས་སུ་བྱོན་ཏེ་སྒ་ལྡན་གཉིས་དང་། ཁྱད་ པར་སྡེ་དགེ་ཆོས་རྒྱལ་སོགས་ཀྱི་མཆོད་གནས་མཛད། འཇམ་མགོན་མཁྱེན་བརྩེ་དབང་པོའི་དྲུང་དུ་མཁའ་སྤྱོད་དང་ཀྱེ་རྡོར་སྐོར་ གསན། མཁས་གྲུབ་ཀུན་དགའ་དཔལ་ལྡན་དྲུང་དུ་གསུང་ངག་སློབ་བཤད་དང། མགོན་པོ་ཆེ་ཆུང་སོགས་ས་ངོར་ཚར་གསུམ་གྱི་སྙན་ བརྒྱུད་ཡོད་དོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་གསན། སྐྱེ་རྒུ་དོན་གླིང་སོགས་སུ་གསུང་ངག་སློབ་བཤད་སོགས་ཆོས་ཀྱི་འཁོར་ལོ་བསྐོར། སློབ་མ་ཡང་རྗེ་བཙུན་རྟ་མགྲིན་དབང་མོ། མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན། དཔལ་ལྡན་བློ་གྲོས་རྒྱལ་མཚན། ངག་ དབང་བསྟན་པའི་རྒྱལ་མཚན། སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སོགས་དུ་མ་བྱོན། སྐུ་ཚེ་སྨད་དུ་སྒ་ཐར་ལམ་ དགོན་དང་ཉེ་བའི་དབེན་ས་ཞིག་ཏུ་སྒྲུབ་པ་ཁོ་ནར་གཞོལ། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་པར་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ། ཕྱི་ལོ་ ༡༨༨༤ ལོར་སྐུ་གཤེགས།