ཕན་ཁང་མཁན་རིན་པོ་ཆེ་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན།
ཁོང་ནི་སྡེ་དགེ་ཕྱོགས་སུ་ཡབ་ཟླ་བ་བཟང་པོའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུ་ནས་ཕན་ཁང་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་ མཚན་གྱི་སྤྲུལ་སྐུར་ངོས་འཛིན་ཞུས། ཕན་བདེ་བླ་བྲང་དུ་གདན་ཞུས་ཀྱིས་ཞབས་དྲུང་གི་མཚན་གསོལ། ཡོངས་འཛིན་དུ་མ་བསྟེན་ ནས་གཞུང་ལུགས་རྒྱ་མཚོར་གསན་བསམ་བླ་ན་མེད་པ་གནང། ཁང་གསར་མཁན་ཆེན་དམ་པ་རིན་པོ་ཆེ་ལས་གསུང་ངག་ལམ་ འབྲས་ཀྱིས་གཙོས་པའི་ཟབ་ཆོས་མཐའ་ཡས་པ་དང། བྱང་ཆུབ་སེམས་སྡོམ། སོ་སོར་ཐར་པའི་སྡོམ་པ་སོགས་སྡོམ་པ་གསུམ་ལྡན་ གྱིས་ཐུགས་རྒྱུད་ཡོངས་སུ་གཏམ་པར་གྱུར། ཡི་དམ་མང་པོའི་བསྙེན་སྒྲུབ་གནང། རྒྱལ་བ་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་མཁན་ ཁྲི་ལོ་གསུམ་མཛད་། གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་སྡོམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། དེ་ནས་ མདོ་ཁམས་ཕྱོགས་སུ་དགོན་ཁག་མང་པོར་ཞབས་ཀྱིས་བཅགས་ཏེ་བསྟན་དང་འགྲོ་བའི་གསོས་སྨན་དམ་པར་གྱུར། ཕྱིས་མུས་ཀྱི་ ཕྱོགས་སུ་བཞུགས་ཏེ་སྟོད་ཁུལ་དུ་བསྟན་འགྲོའི་ཕྲིན་ལས་བླ་ན་མེད་པར་བསྐྱངས། གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ ཚུལ་བསྟན། (འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)

