གདན་རབས་རིམ་བྱོན།

རིན་ཆེན་མི་འགྱུར་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱ། ཕྱི་ལོ་ ༡༧༡༧ ལོར་བཞད་ཆོས་སུ་ཡབ་ཤར་ཆེན་དམ་པའི་རིགས་ཕུན་ཚོགས་རབ་བརྟན་ དང། ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ངོར་དུ་ཕེབས།

རིན་ཆེན་མི་འགྱུར་རྒྱལ་མཚན།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱ། ཕྱི་ལོ་ ༡༧༡༧ ལོར་བཞད་ཆོས་སུ་ཡབ་ཤར་ཆེན་དམ་པའི་རིགས་ཕུན་ཚོགས་རབ་བརྟན་ དང། ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ངོར་དུ་ཕེབས། སློབ་དཔོན་སངས་རྒྱས་ཚུལ་ཁྲིམས་ ལས་གསན་བསམ་གནང། དེ་ནས་ས་སྐྱར་ཕེབས། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་ལ་གཙུག་ཕུད་ཕུལ།

19

མཚན་རིན་ཆེན་མི་འགྱུར་རྒྱལ་མཚན་དུ་གསོལ། མཁན་ཆེན་བཀྲིས་ལྷུན་གྲུབ་ཀྱིས་མཁན་པོ་དང། ལས་སློབ་བྱམས་པ་བསོད་ནམས་ བཟང་པོ་སོགས་ལས་རབ་ཏུ་བྱུང། དགུང་ལོ་ཉི་ཤུ་པར་བྱམས་པ་བསོད་ནམས་བཟང་པོས་མཁན་པོ་དང། ལས་སློབ་མཁན་ཆེན་ནམ་ མཁའ་བསམ་འགྲུབ་སོགས་ལས་བསྙེན་རྫོགས་མཛད། མཁན་སློབ་དེ་དག་དང། འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ་དང། སླེ་ལུང་ མཁན་ཆེན་རྡོ་རྗེ་གདན་པ། དཔལ་ལྡན་ཆོས་སྐྱོང་སོགས་མཁས་གྲུབ་དུ་མ་ལས་གསུང་ངག་ལམ་འབྲས་སོགས་མདོ་རྒྱུད་རིག་གནས་ དང་བཅས་པར་གསན་བསམ་མཐར་ཕྱིན་པ་གནང། དགུང་ལོ་སུམ་ཅུ་པ་མེ་སྟག་ལོར་ཨེ་ཝཾ་པའི་གདན་ཁྲི་ལ་མངའ་གསོལ། ལོ་ལྔའི་ རིང་དུ་དཔལ་ཨེ་ཝཾ་ཆོས་ལྡན་དུ་གདན་ས་བསྐྱངས་ཏེ་ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་ གསུམ་པའི་ལྕགས་ལུག ཕྱི་ལོ་ ༡༧༥༡ ལོར་ཆོས་རྗེ་སངས་རྒྱས་ཡེ་ཤེས་གདན་ཚབ་ཏུ་མངའ་གསོལ། བཤད་སྒྲུབ་ཟུང་འབྲེལ་གྱི་དུས་ འདའ་བར་མཛད། (འདས་ལོ་མ་ངེས།)