གདན་རབས་རིམ་བྱོན།

ཤར་ཆེན་ཤེས་རབ་འབྱུང་གནས།

ཁོང་ནི་རབ་བྱུང་བཅུ་པའི་མེ་སྤྲེལ། ཕྱི་ལོ་ ༡༥༩༦ ལོར་བཞད་གཞུང་སའི་སྨད་ཀྱི་ཆ་ཁྱེལ་ཞེས་པར་ཡབ་བདག་ཆེན་ཤར་པའི་གདུང་ བྱང་སེམས་ཀུན་དགའ་དཔལ་ལྡན་དང། ཡུམ་པདྨ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ངོར་ཨེ་ཝཾ་ཆོས་ལྡན་དུ་ བྱོན། ཁུ་བོ་འཇམ་དབྱངས་ཀུན་དགའ་བཀྲིས་ལས་རབ་ཏུ་བྱུང་།

ཤར་ཆེན་ཤེས་རབ་འབྱུང་གནས།

ཁོང་ནི་རབ་བྱུང་བཅུ་པའི་མེ་སྤྲེལ། ཕྱི་ལོ་ ༡༥༩༦ ལོར་བཞད་གཞུང་སའི་སྨད་ཀྱི་ཆ་ཁྱེལ་ཞེས་པར་ཡབ་བདག་ཆེན་ཤར་པའི་གདུང་ བྱང་སེམས་ཀུན་དགའ་དཔལ་ལྡན་དང། ཡུམ་པདྨ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ངོར་ཨེ་ཝཾ་ཆོས་ལྡན་དུ་ བྱོན། ཁུ་བོ་འཇམ་དབྱངས་ཀུན་དགའ་བཀྲིས་ལས་རབ་ཏུ་བྱུང་། མཚན་ཤེས་རབ་འབྱུང་གནས་སུ་གསོལ། དགུང་ལོ་བཅུ་གཉིས་པར་ མཁན་པོ་ཀུན་དགའ་བཀྲིས་དང་། སློབ་དཔོན་དཀོན་མཆོག་རྒྱལ་མཚན་སོགས་ལས་དགེ་ཚུལ་གྱི་སྡོམ་པར་བཞེས། དགུང་ལོ་ཉེར་ གཅིག་པར་རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་དུ་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ལས་བསྙེན་པར་རྫོགས། མཁན་སློབ་དེ་དག་དང། གཞན་ཡང་མཁས་གྲུབ་དཔལ་ལྡན་དོན་གྲུབ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། སྔགས་འཆང་ངག་དབང་ཀུན་དགའ་བསོད་ ནམས་སོགས་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སོགས་མདོ་རྒྱུད་རྒྱ་མཚོ་ལྟ་བུར་གསན་བསམ་ དཔྱིས་ཕྱིན་པར་མཛད། མཁས་བཙུན་བཟང་གསུམ་གྱི་གོ་འཕང་བརྙེས། དགུང་ལོ་སུམ་ཅུ་རབ་བྱུང་བཅུ་པའི་ཤིང་གླང་ལོར་དཔལ་ ཨེ་ཝཾ་ཆོས་ལྡན་གྱི་གདན་ཁྲིར་མངའ་གསོལ། གདན་ས་ལོ་ཉེར་བརྒྱད་བསྐྱངས། གསུང་ངག་ལམ་འབྲས་སོགས་ཆོས་ཀྱི་འཁོར་ལོ་བར་ མེད་དུ་བསྐོར། སློབ་མ་ཡང་། བདག་ཆེན་ཡེ་ཤེས་བཟང་པོ་དང། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་ཆེན་ཀོང་སྟོན་དོན་གྲུབ་དཔལ་ བཟང། མཁས་མཆོག་ངག་དབང་བསྟན་པའི་རྡོ་རྗེ། མགོན་པོ་བསོད་ནམས་མཆོག་ལྡན། བྲང་ཏི་ནམ་མཁའ་རིན་ཆེན།སྤྲུལ་སྐུ་ཕྱག་ རྡོར་ནོར་བུ་སོགས་དུ་མ་བྱོན། དགུང་ལོ་ཞེ་གཉིས་པ་ས་མོ་གླང་གི་ལོར་ཞྭ་ལུ་གསེར་ཁང་ཆེན་མོར་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཁྲི་ ལ་འཁོད། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་དར་རྒྱས་མཛད། མཐར་དགུང་ལོ་ལྔ་བཅུ་ང་བརྒྱད་པ་རབ་བྱུང་བཅུ་གཅིག་ པའི་ཆུ་སྦྲུལ། ཕྱི་ལོ་༡༦༥༣ ལོར་བདེ་བར་གཤེགས།