གདན་རབས་རིམ་བྱོན།

ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན།

ཁོང་ནི་ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་སྲིང་མ་ལས་བྲང་ཏིའི་ཤ་བརྒྱུད་དུ་གཞིས་ཀ་ཆེན་ པོ་པད་གླིང་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུ་ནས་ཐར་རྩེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་མཛད་དེ་བཞུགས། སྐུ་ཞང་མཁན་ཆེན་ རྡོ་རྗེ་འཆང་གི་མདུན་ནས་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས།

ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན།

ཁོང་ནི་ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་སྲིང་མ་ལས་བྲང་ཏིའི་ཤ་བརྒྱུད་དུ་གཞིས་ཀ་ཆེན་ པོ་པད་གླིང་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུ་ནས་ཐར་རྩེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་མཛད་དེ་བཞུགས། སྐུ་ཞང་མཁན་ཆེན་ རྡོ་རྗེ་འཆང་གི་མདུན་ནས་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། གཞན་ཡང་ཡོངས་འཛིན་དགེ་བའི་བཤེས་གཉེན་ མང་པོ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་དང་། རིག་གནས་བརྒྱུད་སྐོར་སོགས་མཐའ་ཡས་པ་གསན་བསམ་མཛད། བསྙེན་སྒྲུབ་ མཐར་ཕྱིན་པར་གནང། རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཕེབས་ཏེ་ངོར་གྱི་གདན་ས་ལོ་གསུམ་མཛད། རྗེས་སུ་ཐར་རྩེ་ མཁན་པོ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན་དགོངས་པ་རྫོགས་སྐབས་རྗེ་འདིས་ལོ་གཉིས་མཁན་ཁྲི་མཛད། སྔ་ ཕྱི་ལོ་ལྔ་མཁན་པོ་ཁྲི་འཛིན་མཛད། གསུང་ངག་ལམ་འབྲས་སོགས་སྡོམ་པ་གསུམ་གྱི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ སྨིན་གྲོལ་ལ་འགོད་པར་མཛད། སྐྱེ་རྒུ་དགོན་སོགས་མདོ་ཁམས་སུ་ལན་ཁ་ཤས་ཕེབས་ཏེ་བསྟན་འགྲོའི་དོན་མཛད། དེ་ནས་ཆུ་ལུག་ ལོར་ངོར་ཨེ་ཝཾ་ཆོས་ལྡན་དུ་གཙུག་ལག་ཁང་གསར་པ་སྒོ་འཁྱོར་དང་བཅས་པ་སོགས་དུ་མ་བསྐྲུན། མདོར་ན་རྒྱལ་བ་ཨེ་ཝཾ་པ་ཆེན་

31

པོའི་བསྟན་པ་རིན་པོ་ཆེ་ཆོས་དང་ཟ་ཟིང་གི་སྒོ་ནས་མཛད་ཕྲིན་བླ་ན་མེད་པར་བསྐྱངས། མཐར་ཞིང་དང་གདུལ་བྱའི་མཛད་པ་གཞན་ དུ་བསྟན་པའི་ཕྱིར་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞགས་པའི་ཚུལ་བསྟན།(འཁྲུངས་འདས་ཀྱི་ལོ་ཚིག་མ་ངེས།)