གདན་རབས་རིམ་བྱོན།

ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་ལྡན།

ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ། ཕྱི་ལོ་ ༡༩༦༨ ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་ཡབ་འགྱུར་མེད་རིག་འཛིན་དང་། ཡུམ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུ་ཚྭ་མ་མཐོང་གྲོལ་གཉིས་ཀྱི་སྲས་སུ་སྐུ་བལྟམས། བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ ཆེན་པོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་གསན་ནས་ངག་དབང་བསོད་ནམས་མཆོག་ལྡན་ཞེས་མཚན་གནང།

ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དྲི་མེད་ལེགས་པའི་བློ་གྲོས།

ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ། ཕྱི་ལོ་ ༡༩༦༨ ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་ཡབ་འགྱུར་མེད་རིག་འཛིན་དང་། ཡུམ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུ་ཚྭ་མ་མཐོང་གྲོལ་གཉིས་ཀྱི་སྲས་སུ་སྐུ་བལྟམས། བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ ཆེན་པོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་གསན་ནས་ངག་དབང་བསོད་ནམས་མཆོག་ལྡན་ཞེས་མཚན་གནང། སྒྲུབ་བཏུས་སོགས་ དབང་ལུང་མང་པོ་གསན། དགུང་ལོ་བཅུ་གསུམ་ལྕགས་ཕོ་སྤྲེའུའི་ལོར་དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་ཐར་རྩེ་ཞབས་ དྲུང་གི་མཚན་གསོལ། ས་སྐྱའི་མ་དགོན་བཤད་གྲྭར་མདོ་སྐོར་གསན་སྦྱོང་མཐར་ཕྱིན་པར་མཛད་ནས་བཀའ་བཅུ་པའི་ཕྱག་ཁྱེར་ བཞེས། གཞན་ཡང་མཁན་ཆེན་ཨ་པད་རིན་པོ་ཆེ་དང། མཁན་ཆེན་ཀུན་དགའ་དབང་ཕྱུག མཁན་ཆེན་བསོད་ནམས་རྒྱ་མཚོ་སོགས་ ཡོངས་འཛིན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་གནང་། དགུང་ལོ་ཉི་ཤུ་པར་མཁན་ཆེན་འཇམ་ དབྱངས་བསྟན་པའི་ཉི་མ་དང། ལས་སློབ་མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་ལས་གནས་མཆོག་རྡོ་རྗེ་གདན་གྱི་གནྡྷོ་ལ་ཆེན་ པོའི་ཡང་སྟེང་དུ་བསྙེན་པར་རྫོགས། དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ལས་གསུང་ངག་ལམ་འབྲས་ཚོགས་བཤད་དང། སློབ་བཤད། རྒྱུད་སྡེ་ཀུན་བཏུས་སོགས་དབང་ཁྲིད་ལུང་སོགས་ཟབ་ཆོས་དུ་མ་གསན། མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་དུ་ལམ་ འབྲས་ཚོགས་བཤད་དང། སློབ་བཤད་སོགས་སྙན་བརྒྱུད་སྐོར་མང་པོ་གསན། ལྕགས་ལུགས་ཟླ་བ་གཉིས་པའི་ཚེས་ལྔ་ཉིན་དཔལ་ས་ སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་འཕགས་ཡུལ་ངོར་ཨེ་ཝཾ་ཆོས་ལྡན་དུ་རྒྱལ་བ་གཉིས་པ་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཏུ་མཁན་ ཁྲིར་མངའ་གསོལ་མཛད་ནས་གསུང་ངག་ལམ་འབྲས་སོགས་གདམས་ངག་དུ་མ་སྩལ། མདོ་ཁམས་སྐྱེ་རྒུ་དང་། སྡེ་དགེ་སོགས་སྔ་ཕྱི་ བོད་དུ་ཐེངས་མང་ཕེབས་ཏེ་དབང་ཆོས་མཐའ་ཡས་པ་དང། དགེ་ཚུལ་སློང་མང་པོ་གནང་སྟེ་བསྟན་འགྲོའི་དོན་མཛད། གཞན་ཡང་ ཕྱི་རྒྱལ་སོགས་ཡུལ་གྲུ་དུ་མར་ཕེབས་ཏེ་གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད། བོད་དུ་ངོར་དགོན་ཉམས་གསོ་དང། འཕགས་ཡུལ་ངོར་ མ་དགོན་གྱི་ཕྱི་ནང་གི་ཐུགས་འགན་བཞེས་ཤིང་ད་ལྟ་སྐུ་འཚོ་མཛད་ཕྲིན་རྒྱས་ཤིང་བཞུགས་པ་ལགས་སོ། །