གདན་རབས་རིམ་བྱོན།

ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན།

ཁོང་ནི་ཞྭ་ལུ་སྐུ་ཞང་གི་རིགས་སུ་འཁྲུངས། སྐུ་ཆུང་ནས་ཐར་རྩེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་གྱིས་བཞུགས། ཡོངས་འཛིན་ དུ་མ་བསྟེན་ཏེ་ཐུན་མོང་དང་ཐུན་མིན་གྱི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་ཕྱིན། ཐར་རྩེ་མཁན་ཆེན་འཇམ་ དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ལས་ལམ་འབྲས་སོགས་ཟབ་ཆོས་མཐའ་ཡས་པ་དང།

ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན།

ཁོང་ནི་ཞྭ་ལུ་སྐུ་ཞང་གི་རིགས་སུ་འཁྲུངས། སྐུ་ཆུང་ནས་ཐར་རྩེ་བླ་བྲང་དུ་ཞབས་དྲུང་གི་མཚན་གསོལ་གྱིས་བཞུགས། ཡོངས་འཛིན་ དུ་མ་བསྟེན་ཏེ་ཐུན་མོང་དང་ཐུན་མིན་གྱི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་ཕྱིན། ཐར་རྩེ་མཁན་ཆེན་འཇམ་ དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ལས་ལམ་འབྲས་སོགས་ཟབ་ཆོས་མཐའ་ཡས་པ་དང། སོར་བྱང་གི་སྡོམ་པ་ སོགས་སྡོམ་པ་གསུམ་གྱི་བཀའ་དྲིན་བཞེས། ཡི་དམ་དུ་མའི་བསྒྲུབ་མཐར་ཕྱིན། ཞབས་དྲུང་དུས་སྟོད་ལ་དྭགས་ཕྱོགས་སུ་ཕེབས་ཏེ་ བསྟན་འགྲོའི་དོན་མཛད། བསྟན་སྲུང་རོང་བཙན་རྣམ་གཉིས་ཀྱི་བསྐང་གསོ་རྒྱས་པ་གསར་རྩོམ་བཀའ་དྲིན་བསྐྱངས། མདོ་ཁམས་ ཕྱོགས་སུ་ཕེབས་ཏེ་སྒ་སྟོད་དང་སྡེ་དགེ་སོགས་སུ་མཛད་ཕྲིན་བསྐྱངས། གདན་ས་ཆེན་པོར་ཡར་ཕེབས་ནས་ས་མོ་ཡོས་ཀྱི་ལོར། ཨེ་ཝཾ་ ཆེན་པོའི་རྒྱལ་ཚབ་ཏུ་མཁན་ཁྲིར་ཕེབས། གསུང་ངག་ལམ་འབྲས་སོགས་སྡོམ་གསུམ་གྱི་སྒོ་ནས་གདུལ་བྱ་དཔག་ཏུ་མེད་པ་ཕྲིན་ལས་ ཀྱིས་བསྐྱངས། ལྕགས་འབྲུག་ལོ་འགོར་དགོངས་པ་གཞན་དོན་དུ་གཤེགས། (འཁྲུངས་ལོ་མ་ངེས།)