གདན་རབས་རིམ་བྱོན།

ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དྲི་མེད་ལེགས་པའི་བློ་གྲོས།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་སྨད་དང་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་མདོ་ཁམས་མི་ཉག་བསིའུ་མགར་ཐར་ དཔོན་གྱི་གདུང་རྒྱུད་དུ་ཡབ་དམ་པའི་ཡོན་ཏན་མངའ་བ་ཞིག་དང།

ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དྲི་མེད་ལེགས་པའི་བློ་གྲོས།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་སྨད་དང་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་མདོ་ཁམས་མི་ཉག་བསིའུ་མགར་ཐར་ དཔོན་གྱི་གདུང་རྒྱུད་དུ་ཡབ་དམ་པའི་ཡོན་ཏན་མངའ་བ་ཞིག་དང། ཡུམ་ཨ་ལ་པདྨ་ཞེས་ཟེར་བ་ཞིག་ལས་སྐུ་བལྟམས། གསོ་དཔྱད་ ཀྱི་གཞུང་རྒྱུད་བཞི་སོགས་བསླབས་ཤིང་གཞན་དོན་མཛད། དགུང་ལོ་ཉི་ཤུ་པར་ངོར་ཨ་ཝཾ་དུ་ཕེབས་ཏེ་མཁན་ཆེན་ངག་དབང་དམ་ ཆོས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁས་གྲུབ་ངག་དབང་དམ་ཆོས་གཙོས་ཡོངས་འཛིན་དུ་མ་ལས་ས་སྐྱའི་ཟབ་ཆོས་རྣམས་ ཀྱི་དབང་ལུང་ཁྲིད་སོགས་དང། སྒྲ་དང། སྡེབ་སྦྱོར། སྙན་ངག། རྩིས་སོགས་དུ་མ་སྦྱངས། ཐུབ་བསྟན་རྟ་ནག་ཏུ་ཕེབས་ཏེ་པོད་ཆེན་ལྔ་ གསན་སྦྱངས་མཐར་ཕྱིན་པས་དྲུང་རམས་པའི་མཚན་གསོལ། ལྷ་ལྡན་སྨོན་ལམ་ཆེན་པོར་མཎྜལ་རྒྱས་བཤད་དང་པོད་ཆེན་ལྔའི་དམ་ བཅའ་བཞག། ཡུམ་རྒྱས་པ་ཐུགས་ནས་གསུངས་པས། རྒྱལ་བས་ཡོངས་འཛིན་གྱི་ཆོ་ལོ་སྩལ། དགུང་ལོ་བཞི་བཅུའི་ནང་ངག་དབང་ བློ་གྲོས་བཟང་པོའི་རྗེས་སུ་ངོར་ཆེན་གྱི་ཁྲི་ལ་ཕེབས་ནས་ལོ་བདུན་བཞུགས། སྡོམ་གསུམ་དང། གསུང་ངག་རིན་པོ་ཆེས་གཙོས་ཟབ་ རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། སློབ་མ་ཡང་བྱམས་པ་དཔལ་ལྡན་བཟང་པོ། ངག་དབང་བློ་གྲོས་བསྟན་འཛིན། ཞབས་དྲུང་བསོད་ ནམས་བསྟན་འཛིན། འཇམ་དབྱངས་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་ མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། འཇམ་མགོན་ངག་དབང་ལེགས་གྲུབ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། བྱ་བྲལ་ བསོད་ནམས་བཟང་པོ། མཐུ་ཆེན་འཇམ་དཔལ་བསྟན་འཛིན་སོགས་སློབ་ཚོགས་དུ་མ་བསྐྲུན། གསུང་རྩོམ་ཡང་དབུ་མ་འཇུག་པའི་ འགྲེལ་པ་སོགས་མང་དུ་བརྩམས། མཐར་དགུང་ལོ་བདུན་ཅུ་དོན་གཅིག་པར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།